ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལིན་ཡུན་གྱིས་རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་སྲིད་གཞུང་གི་འགན་ཁུར་བ་གཙོ་བོར་ཁ་ཆད་གླེང་མོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་སྲིད་གཞུང་གི་འགན་ཁུར་བ་གཙོ་བོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོའི་ཐད་ཁ་ཆད་གླེང་མོལ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་དམིགས་ཐོག་ཏུ་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལིན་ཡུན་གྱིས་རྫོང་སོ་སོ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་ནི་རྫོང་དང་གྲོང་ཁྱེར་སྲིད་གཞུང་ཚན་ཁག་གི་འཛིན་དཔོན་ཡིན་པ་དང་། སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡིན་པའི་ཆ་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཐེངས་འདིའི་ཁ་ཆད་གླེང་མོལ་གྱི་དམིགས་ཡུལ་ནི་རིམ་པ་བཞིན་འགན་འཁྲི་དང་གནོན་ཤུགས་བརྒྱུད་འདྲེན་བྱེད་པ་དང་། རྫོང་སོ་སོ་དང་གྲོང་ཁྱེར་སྲིད་གཞུང་གི“གཙོ་འགན་ཁུར་མཁན”གྱིས་སྲིད་གཞུང་མ་ལག་གི་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ནན་འཛིནལེགས་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི“ཕྱོགས་གཉིས་ཀ་མི་འཛོལ་བ་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ”མངོན་འགྱུར་བྱ་དགོས་ཞེས་བསྟན་པ་མ་ཟད། ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོའི་ཐད་དུ་བླང་བྱ་འགའ་བཏོན།

    ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་ཁ་ཆད་གླེང་མོལ་དུ་ཞུགས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།