ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས2017ལོའི་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཚོགས་འདུ་བསྡུས།

གྲོས་ཚོགས་སུ། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཕྱོགས་ཡོངས་ནས2016ལོའི་ཁོར་ཡུག་སྲུང་སྐྱོང་བྱ་བར་ཕྱོགས་སྡོམ་བྱས་པ་དང 2017ལོའི་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་གལ་ཆེན་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲོས་ཚོགས་ཀྱི་སྤྱི་ཁོག་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྒྲིག་བཅོས་ཤུགས་ཚད་ཆེ་རུ་བཏང་སྟེ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་དང་ནུས་ཤུགས་ཡོད་དགུས་བྱ་བ་སོ་སོ་ལེགས་པོར་བསྒྲུབ་པ་དང་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་འགྲུབ་པ་ཁག་ཐེག་བྱ་དགོས། སྒྲིག་བཅོས་དུས་བཅད་གསལ་བོར་བྱེད་པ་དང་སྒྲིག་བཅོས་འགན་འཁྲི་དོན་དངོས་ལ་བརྟེན་ནས། ན་ནིང་ལོར་ཞིང་ཆེན་ནས་བརྒྱུད་པའི་ཁོར་ཡུག་གི་གནད་དོན་ལྔའི་རྗེས་མཐུད་བྱ་བ་དམ་འཛིན་གྱིས་གཅིག་གྱུར་འཆར་འགོད་བྱ་དགོས། གནད་དོན་འབུར་ཐོན་གྱིས་གྲོང་ཁུལ་གྱི་ཁང་བ་ཐོག་གཅིག་མའི་སྡོད་དམངས་ཀྱི་རྡོ་སོལ་ཐབ་ཀ་སྒྲིག་བཅོས་བྱེད་ནས་མུ་མཐུད་དུ་རྡོ་སོལ་ཚོང་ར་སྒྲིག་བཅོས་དང་ཤོག་སྦག་འཕེན་པ་བཀག་སྡོམ། ཟ་མའི་སྣུམ་སྙིགས་དང་དུ་བ་གཙང་བཅོས། རླངས་འཁོར་ཆེ་རིགས་བསྐོར་ནས་འགྲོ་བའི་ཐབས་ཇུས་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ལ། གཙོ་གནད་འབུར་དུ་ཐོན་དགོས་པ་དང་ཁོར་ཡུག་གི་མངོན་མེད་རྐྱེན་ངན་ཞིབ་བཤེར་གཅིག་བསྡུ་དང་གང་བྱུང་དུ་བརྐོ་སློག་བྱེད་པ། རྩི་ཤིང་ལ་གཏོར་བརླག་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་པ། གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་དང་སྡེ་ཁག  ཁེ་ལས་འགན་འཁྲི་དང་ཕན་ནུས་ལྡན་པའི་ཁོར་ཡུག་གི་མངོན་མེད་རྐྱེན་ངན་སྔོན་འགོག་དོན་འཁྱོལ་བྱ་དགོས་པ་དང་། སྲིད་གཞུང་གི་མ་དངུལ་ལེགས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གོམ་གང་མདུན་སྤོས་ཀྱིས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་དང་སྦགས་བཙོག་གཙང་བཅོས། ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཅན་དུ་སྒྱུར་བར་ཤུགས་བསྣན་ནས། སྲིད་གཞུང་གིས་སྣེ་ཁྲིད་དང་ཁེ་ལས་ཀྱི་གཙོ་ཁྲིད། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་ནང་རྐྱེན་རིམ་བཞིན་དུ་གྲུབ་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།