ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཁྲལ་རིགས་ཆེན་པོ་བཞིའི་ཁྲལ་བསྡུ་ལ་འགོ་ལེགས་པོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་ཟླ1པའི་ནང་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཡོངས་སུ་རྒྱལ་མཛོད་ཡོང་སྒོ (སྤོ་འགུལ་རང་བཞིན་གྱི་ཡོང་སྒོ་མི་འདུ)སྒོར་ཁྲི21097.46ཡོད་ལ། དེའི་ཁྲོད་དུ་ཁྲལ་བསྡུའི་ཡོང་སྒོ་སྒོར་ཁྲི14715.69ཡོད་པས་སྤྱིའི་ཡོང་སྒོ69.75%ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས28.16%འཕར། དེའི་ཁྲོད་དུ་ཁུལ་ཡོངས་ཀྱི་མཛོད་དུ་བཅུག་པའི་གནས་ཐང་འཕར་བའི་དཔྱ་ཁྲལ་སྒོར་ཁྲི7808.10ཡོད་ལ། ལས་གཉེར་དཔྱ་ཁྲལ་ནས་གནས་ཐང་འཕར་བའི་དཔྱ་ཁྲལ་ལ་བསྒྱུར་བའི་ཁྲལ་དངུལ་སྒོར་ཁྲི5919.40ལས་གཞན་སྒོར་ཁྲི1888.69མཛོད་དུ་བཅུག་སྟེ།  དུས་མཚུངས་ལས9.67%འཕར། ཁེ་ལས་ཀྱི་ཐོབ་ཁྲལ་མཛོད་དུ་འཇུག་ཚད་སྒོར་ཁྲི4015.28ཡོད་པ་དང་དུས་མཚུངས་ལས5.36%འཕར་བ་དང་། སྒེར་གྱི་ཐོབ་ཁྲལ་སྒོར་ཁྲི894.71ཡོད་པ་དང་དུས་མཚུངས་ལས15.47%འཕར། ཐོན་ཁུངས་ཀྱི་དཔྱ་ཁྲལ་མཛོད་དུ་འཇུག་ཚད་སྒོར་ཁྲི283.78ཡོད་པ་དང་དུས་མཚུངས་ལས 536.45%འཕར། ཐོན་ཁུངས་དཔྱ་ཁྲལ་དེ་རང་ཁུལ་གྱི་དཔྱ་ཁྲལ་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར།

ཁུལ་ཡོངས་ཀྱི་ཁྲལ་བསྡུ་ཡོང་སྒོའི་རྒྱུ་གཙོ་བོ་ནི་ལས་གཉེར་དཔྱ་ཁྲལ་དེ་གནས་ཐང་འཕར་བའི་དཔྱ་ཁྲལ་ལ་བསྒྱུར་བའི་སྲིད་ཇུས་ཀྱི་གྲུབ་འབྲས་ཡིན་པ་དང་ཁུལ་ཡོངས་ཀྱི་ལས་རིགས་གཙོ་བོའི་དཔྱ་ཁྲལ་སྒྲིག་གཞི་སྣ་མང་ཅན་དུ་བསྒྱུར་བ་རེད། ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་གནས་ཐང་འཕར་བའི་དཔྱ་ཁྲལ་ལ་བསྒྱུར་བ་འགོ་བརྩམས་རྗེས། ཁུལ་ཡོངས་ཀྱི་དཔྱ་ཁྲལ་ལས་རིགས་དེ་གཙོ་བོ་གློག་ཤུགས་ལས་རིགས་གཙོ་ཡིན་ལ་ལས་རིགས་གཞན་དག་ཕལ་བ་ཡིན་པའི་སྒྲིག་གཞི་ཞིག་གྲུབ་ཡོད་པ་དེ། ད་ལྟ་གློག་ཤུགས་དང་སྡེབ་འཚོང་དང་བསིལ་འཚོང་། ཨར་ལས་འཛུགས་སྐྲུན། གློག་འཕྲིན། ལྕགས་རིགས་མ་ཡིན་པའི་གཏེར་རྫས་ལས་རིགས་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་འགྲོ་བཞིན་པའི་ལས་རིགས་ཆེན་པོ་དྲུག་ཏུ་གྲུབ་ཡོད་པ་དང་། གནས་ཐང་འཕར་བའི་དཔྱ་ཁྲལ་བརྟན་པོའི་ངང་གོང་དུ་འཕར་ལ་ཁྲལ་བསྡུ་སྡེ་ཚན་གྱིས་ཁྲལ་དོན་ཞིབ་བཤེར་ཁྲིམས་འཛིན་ཤུགས་ཚད་ཆེ་རུ་བཏང་བས། གྲུབ་འབྲས་ཀྱང་འབུར་དུ་ཐོན། དཔྱ་ཁྲལ་སྒྲིག་ལམ་འཐུས་ཚང་དུ་གཏོང་ཆེད་ཁྲལ་དོན་སྡེ་ཁག་གིས་ཞིབ་བཤེར་ཤུགས་ཚད་ཆེ་རུ་བཏང་ནས། ཟླ1པའི་ནང་དུ་ཁྲལ་སྐུང་མ་དངུལ་སྒོར་ཁྲི193གསབ་བསྡུ་བྱས། ཐོན་ཁུངས་ཀྱི་དཔྱ་ཁྲལ་བསྡུ་བའི་བྱ་ཐབས་བསྒྱུར་བཅོས་བྱས་ནས། སྔོན་གྲངས་ཀའི་སྟེང་ནས་ཁྲལ་བསྡུ་བ་དེ་ད་ལྟ་རིན་གོང་སྟེང་ནས་ཁྲལ་བསྡུ་བར་བསྒྱུར་བས་གཏེར་ཁའི་ཁེ་ལས་ཀྱི་ཟླ1པའི་ནང་དུ་ཐོན་རྫས་ཕྱིར་འཚོང་གི་ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒོར་ཁྲི238འཇལ་བ་དང་དུས་མཚུངས་སུ་ཁེ་ལས་ཀྱི་ཐོབ་ཁྲལ་སྔོན་དུ་སྤྲོད་པ་ལོ་གོང་མའི་དུས་མཚུངས་ལས་སྒོར་ཁྲི200ལྷག་འཕར། མི་སྒེར་གྱི་ཐོབ་ཁྲལ་གྱི་དོ་དམ་དང་ཚོད་འཛིན་ལ་ཤུགས་བསྣན་ནས། ཐེངས་གཅིག་གི་ནང་དུ་ཁྲལ་ཁུངས་རྒྱུན་མཐུད་ངང་འཕར་སྣོན་བྱས་མེད། རྫོང་དང་གྲོང་ཁྱེར་ཁ་ཤས་ཀྱིས་ན་ནིང་ལོའི་ཟླ12བའི་ནང་དུ་ཐེངས་གཅིག་ལ་གླ་ཕོགས་སྤྲད་པའི་སྒེར་གྱི་ཐོབ་ཁྲལ་སྒོར་ཁྲི100ལྷག་གསབ་སྤྲོད་བྱས། གནས་ཐང་འཕར་བའི་དཔྱ་ཁྲལ་གོང་དུ་འཕར་བས་ཟུར་སྣོན་དཔྱ་ཁྲལ་དུས་མཚུངས་སུ་གོང་འཕེལ་བྱུང་། ཟླ1པའི་ནང་དུ་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་འཕར་ཚད་ཅུང་མགྱོགས་པ་དང་ཅུང་བཟང་བའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་དཔྱ་ཁྲལ་དང་སློབ་གསོའི་ཟུར་སྣོན་དཔྱ་ཁྲལ་སོགས་ཟུར་གྱི་དཔྱ་ཁྲལ་དུས་མཚུངས་སུ་གོང་འཕེལ་བྱུང་ཞིང་། འབབ་འཕར་མ་དངུལ་སྒོར་ཁྲི122ཡོད་ལ་དུས་མཚུངས་ལས30.21%འཕར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།