ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་རིག་གནས་བྱ་བར་ཁྱད་ཆོས་སྣ་ཚོགས་མངོན་ཞིང་གྲུབ་འབྲས་མངོན་གསལ་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་བྱ་བ་རྒྱུན་རིང་འཕེལ་རྒྱས་བྱུང་ནས། འབྲེལ་ཡོད་ཀྱི་བྱ་བ་ཁག་ལ་གྲུབ་འབྲས་མངོན་གསལ་བླངས་ཤིང་ཁྱད་ཆོས་སྣ་ཚོགས་མངོན། 

སྤྱི་བའི་རིག་གནས་ཀྱི་ཞབས་ཞུའི་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་པ། ཁུལ་ཡོངས་ཀྱི་སྤྱི་བའི་རིག་གནས་ཀྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་བསྡོམས་པས་མ་དངུལ་སྒོར་ཁྲི2800ལྷག་བཏང་ནས། དབུལ་ཕོངས་སྡེ་བའི“གྲོང་སྡེའི་གར་སྟེགས ”154དང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས22སྲང་ལམ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས2སྡོད་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས10འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་།

ཐོན་ལས་འཕེལ་རྒྱས་དང་ཤུལ་དངོས་སྲུང་སྐྱོབ་ཀྱི་རྣམ་པ་བཟང་བ། རང་ཁུལ་གྱིས“ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་རིགས་རིག་གནས་ཐོན་ལས་འདུས་ཁུལ་གྱི་ལས་གཞི”དང“ཀན་ལྷོའི་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་གྱི་ལས་གཞི”ཡིས་མཚོན་པའི“473010”རིག་གནས་ཐོན་ལས་གོང་སྤེལ་ལས་གྲྭ་དང་།“ནོར་བུ་བཟང་བོ་དྲ་བ”ཡིས་མཚོན་པའི་རིག་གནས་ཚོང་འདུས་འཛུགས་སྐྲུན་ལས་གཞི་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་བོན་གྱི་ཡིག་རྙིང་ཞིབ་འཇུག་ཆེད་མཁས་པ་གདན་འདྲེན་བྱས་ནས། བོན་གྱི་ཡིག་རྙིང་གལ་ཆེན་སྲུང་སྐྱོབ་བྱས།

རིག་རྩལ་གསར་གཏོད་འཁྲབ་སྟོན་ལ་ཁྱད་ཆོས་སྣ་ཚོགས་མངོན་པ། ཁུལ་ཡོངས་ཀྱི་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ 8རྩ་འཛུགས་བྱས་ནས། གླུ་གར་འཁྲབ་སྟོན་གྱི་འཁྲབ་ཚོགས་རྒྱ་ཆེན་པོ་གསར་རྩོམ་བྱས་ཤིང་། ཀན་ལྷོའི་ཟློས་གར་ཚོམས་ཆེན་ནས་དུས་ཡུན་ཉི་མ 24ཡི་ཁུལ་ཡོངས་ཀྱི་ཡུལ་སྐོར་གོང་སྤེལ་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ། བོད་ཀྱི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་བོ》ལ་བཟོ་བཅོས་བྱས་ནས། ཟླ12པའི་ནང་དུ་ཀན་ལྷོའི་ཟློས་གར་ཚོམས་ཆེན་ནས་འཁྲབ་སྟོན་བྱས།“རིག་གནས་གཞི་རིམ་དུ་སྐྱེལ་བའི”བྱ་འགུལ་སྤེལ་ནས། བསྡོམས་པས་འཁྲབ་སྟོན་ཐེངས304བྱས་ཤིང་། ལྟད་མོ་བ86000ལྷག་ལ་བསླེབས། 

རིག་གནས་ཚོང་རའི་ལྟ་སྐུལ་དོ་དམ་ལ་གྲུབ་འབྲས་མངོན་གསལ་བླངས་པ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ“འཆལ་སེལ་འགལ་རྡུང”སྐོར་གྱི་ཆེད་དོན་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ་ནས། པར་སྐྲུན་དངོས་པོའི་ཚོང་ཁང1893ལ་ཞིབ་བཤེར་བྱས་ཤིང་། མི7163ལྷག་དང་རླངས་འཁོར་ཐེངས1066བཏང་སྟེ། པར་དབང་ལ་རྒོལ་བའི་འོད་སྡེར་དང་དཔེ་ཆ8647རྩད་ཆོད་ཅིང་གཞུང་བཞེས་བཏང་།  ལྷག་པར་དུ་ས་ངོས་ཀྱི་མིས་བཟོས་འཁོར་སྐར་གྱི་བསྡུ་ལེན་སྒྲིག་ཆས་ལ་ཆེད་དོན་སྒྲིག་བཅོས་བྱ་འགུལ་ཐེངས 3སྤེལ་ནས། བསྡོམས་པས་ཁྲིམས་དང་མི་མཐུན་པར་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་པའི་མིས་བཟོས་འཁོར་སྐར་གྱི་ས་ངོས་བསྡུ་ལེན་སྒྲིག་ཆས532གཙང་སེལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།