ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་བླ་བྲང་གི་མཛེས་ལྗོངས་ཆེན་མོའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་གཙོར་བཟུང་སྟེ། ཡུལ་སྐོར་གྱི་གཞི་རྩའི་རྒྱུ་རྐྱེན་གཙོ་བོ་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་། ཧུར་ཐག་གིས་ལས་རིགས་དོ་དམ་དང་ཞབས་ཞུའི་ཚུ་ཚད་མཐོར་འདེགས་བཏང་བས། ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་གོང་འཕེལ་འབྱུང་བ་ཁག་ཐེག་བྱས་པ་དང་། རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་ཤུགས་ཆེ་བའི་རྣམ་པ་ཞིག་མངོན་ཡོད།

2016ལོར། རྫོང་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསྡོམས་པས་མི་ཐེངས་ཁྲི217སྣེ་ལེན་བྱས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན56.9%འཕར་བ་དང་། ཡུལ་སྐོར་ཐད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.14མངོན་འགྱུར་བྱུང་ཞིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན40.18%འཕར།   རྨང་གཞིའི་ཆ་འགྲིག་སྒྲིག་ཆས་འཐུས་ཚང་དུ་བཏང་བ། སྤྱིའི་མ་དངུལ་སྒོར་ཁྲི4300བཏང་ཞིང་། མ་དངུལ་སྒོར་ཁྲི3355.1དམིགས་སར་འབྱོར་བའི་རྟ་རྫོང་མཚོ་ཡི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ན་ནིང་ཟླ6པའི་ཟླ་དཀྱིལ་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། མིག་སྔར། སྤྱིའི་ཨར་ལས་ཀྱི59.3%ལེགས་གྲུབ་བྱུང་། སྤྱིའི་མ་དངུལ་སྒོར་ཁྲི4012བཏང་ཞིང་། མ་དངུལ་སྒོར་ཁྲི2716.5དམིགས་སར་འབྱོར་བའི་རྒན་རྒྱའི་མཁར་ནང་ཡུལ་སྐོར་ཆ་འགྲིག་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་སྤྱིའི་ཨར་ལས་ཀྱི53.7%ལེགས་གྲུབ་བྱུང་། མ་དངུལ་སྒོར་ཁྲི 9600བཏང་ནས་བསང་ཁོག་མཛེས་ལྗོངས་ཁུལ་གྱི་བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་དང་། མ་དངུལ་སྒོར་ཁྲི 6000བཏང་ནས་ཀན་སུའུ་ཞིང་ཆེན་བླ་བྲང་མཛེས་ལྗོངས་ཁུལ་ཆེན་མོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི། མ་དངུལ་སྒོར་ཁྲི1781གཏོང་ནས་ཨ་མཆོག་མཁའ་ཁོངས་ཞབས་ཞུ་ཁུལ་གྱི་རང་འཁོར་སྒར་ས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི། མ་དངུལ་སྒོར་ཁྲི2770བཏང་ནས་བསང་ཁོག་མཛེས་ལྗོངས་ཁུལ་གྱི་རང་འཁོར་སྒར་སའི་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཅས་ཀྱི་ལས་གཞིའི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་ལ་ཞིབ་དཔྱད་ཐོབ་པ་དང་། མ་དངུལ་སྒོར་ཁྲི729.7གྲབས་གསོག་བྱས་ནས་ལྗོངས་གཟིགས་སྟེགས་བུ4འཛུགས་སྐྲུན་བྱེད་པའི་སྤྱིའི་ཨར་ལས་ཀྱི73%ལེགས་གྲུབ་བྱུང་། མ་དངུལ་སྒོར་ཁྲི154རང་གྲབས་བྱས་ནས་ཡུལ་སྐོར་ཁུལ་གྱི་གཙང་སྤྱོད་ཁང11འཛུགས་སྐྲུན(གསར་འཛུགས9དང་ཞིག་གསོ2)བྱས། མིག་སྔར་ཐུག་བར་དུ། སྤྱིའི་ཨར་ལས་ཀྱི93%ལེགས་གྲུབ་བྱུང་ནས། ལས་འགན་ལེགས་གྲུབ་འབྱུང་སྟེ་སྔ་ཙམ་ནས་བེད་སྤྱོད་གཏོང་གང་ཐུབ་བྱེད་ཀྱིན་འདུག  མ་དངུལ་སྒོར་ཁྲི128.3རང་གྲབས་བྱས་ཏེ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་མཚོན་རྟགས་དང་མཚོན་བྱང་གི་ཁྲིད་སྟོན་མ་ལག་སྒྲིག་སྦྱོར་བྱས་ཚར་བ་དང་། རྫོང་གིས་མ་དངུལ་སྒོར་ཁྲི1270གྲབས་གསོག་བྱས་ཏེ། ཧོར་གཙང་ཤིང་སྒོ་ནས་ཨ་མཆོག  བང་གུར་ཐང་ནས་བསང་ཆུ་རྫོང་དང་ཉི་མ་ལུང་གི་ལམ་བརྒྱུད་དུ་ལྗང་འགྱུར་དང་མཛེས་བཟོ་བྱས་ཤིང་། བསང་ཁོག་ནས་ཨ་མཆོག་ཉི་མ་ལུང་གི་ལམ་བརྒྱུད་དུ་སྐེ་ཚེ་མེ་ཏོག་མུའུ17000ལྷག་འདེབས་འཛུགས་བྱས། སྒོར་ཁྲི142གྲབས་གསོག་བྱས་ཏེ་ཨ་མཆོག་གི་མཁའ་ཁོངས་ཞབས་ཞུ་ཁུལ་དང་ཧོར་གཙང་ཤིང་སྒོའི་གནའ་ཤུལ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཆེད་དོན་གྱི་འཆར་འགོད་བཟོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།