ཀྲུང་གོ་བོད་ཀྱི་དྲ་བ།

​ ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ལན་ཀྲོའུ་རུ་ཚོགས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།    ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཝང་ཡུང་། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན་སོགས་ཁུལ་ཚན་ཁག་ཆེན་པོ་བཞིའི་ལས་ཁུངས་སུ་ཡོད་པའི་འགོ་ཁྲིད་པ་ཀན་ལྷོ་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས།    

གྲོས་ཚོགས་ཀྱིས་ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི“ལྔའི་བཅུ་གསུམ”གྱི་འཆར་འགོད་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཚོགས་ཆེན་གཉིས་ཀྱིས་མི་སེམས་ལ་སྐུལ་ལྕག་ཐེབས་ཤིང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ། ཏང་དང་རྒྱལ་ཁབ་ཀྱིས་ལས་རིགས་སོ་སོར་འཕེལ་རིམ་གསར་བ་བྱུང་བ་དང་འབྲས་བུ་གསར་བ་ཐོབ་པར་གདེང་འཇོག་མཐོན་པོ་བྱས། གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་ཐོབ་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གིས་ནུས་པ་གཙོ་བོ་འདོན་སྤེལ་བྱས་པ་ལས་ཐོབ་པ་ཡིན། ཚོགས་ཆེན་གཉིས་ཀྱིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་གལ་ཆེ་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གྲོས་ཚོགས་སྐབས་སུ་བཏོན་པའི་གསུང་བཤད་གལ་ཆེན་རབ་དང་རིམ་པས་ང་ཚོར་བྱ་བ་བཟང་བོ་བསྒྲུབ་པར་འབད་བརྩོན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། དངོས་གནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱ་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་སྟེང་དུ་གཅིག་གྱུར་བྱ་དགོས་པ་དང་། བློ་མཐུན་ཝང་ཆི་ཧྲན་དང་ཝང་དབྱང་ཀན་སུའུ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ཀྱི་གཏམ་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།    

གྲོས་ཚོགས་ཀྱིས་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་ལ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱེད་པ་དང་། “སྣེ་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ལ། གཏན་འཇགས་ཁྲོད་ཡར་རྒྱས་ཡོང་བའི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་གོང་འཕེལ་གྱི་འདུ་ཤེས་གསར་བ་བརྟན་པོར་བཙུགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འབྱུང་བའི་རྣམ་པ་བཟང་བོ་ཧུར་ཐག་གིས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད་བླང་བྱ་འགའ་བཏོན།།                                                                                                       

རྩོམ་སྒྲིག་པ། : ཀླུ་མོ་མཚོ།