ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཆར་སྐྱེ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་བརྙན་བརྡའི་གྲོས་ཚོགས་ལ་བལྟས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཆར་སྐྱེ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་བརྙན་བརྡའི་གྲོས་ཚོགས་ལན་ཀྲོའུ་རུ་འཚོགས།

ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཆར་སྐྱེ་མ་ལག་གིས“ཆེས་སྟབས་བདེའི་བྱ་ཐབས་ཀྱིས་ཆེས་རྨང་གཞིའི་གནད་དོན་ཐག་གཅོད་པ་དང་གང་ཐུབ་སྒོས་ཆེས་ཉུང་བའི་འགྲོ་སྒོས་སྡོད་དམངས་ཀྱི་བདེ་ཐང་རྒྱུན་སྲུང་བ། ཀྲུང་སྨན་གྱི་ཁྱད་ཆོས་ལྡན་པའི་ཀན་སུའུ་སྨན་བཅོས་བསྒྱུར་བཅོས་ལམ་དུ་བསྐྱོད་པའི”བྱ་བའི་རིག་ལམ་ལྟར། འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། བྱ་བ་དོན་འཁྱོལ་དམ་འཛིན་བྱས་ནས། དམིགས་འབེན་ལས་འགན་སོ་སོ་ལེགས་གྲུབ་བྱུང་། ལྷག་པར་དུ་སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་འཕྲོད་བསྟེན་དང་འཆར་སྐྱེ་མཉམ་འདྲེས། ཀྲུང་ལུགས་གསོ་རིག་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས། བདེ་ཐང་སྐུལ་འདེད་སོགས་ཀྱི་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པས་ཀན་སུའུ་ཡི་ཉམས་མྱོང་ཆགས་ཡོད

གྲོས་ཚོགས་ཀྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བྱ་ཐབས་ནུས་ལྡན་སྤྱད་དེ་བདེ་ཐང་དེ་སྲིད་ཇུས་དང་བྱ་བའི་བྱེད་ཕྱོགས་དང་འཆར་ལྡན་བུ་སྐྱེའི་གཞི་རྩའི་རྒྱལ་ཇུས། སྤྱི་སྤྱོད་འཕྲོད་བསྟེན་སྲིད་ཇུས། ཀྲུང་ལུགས་སྨན་རྫས་གོང་འཕེལ་གྱི་སྲིད་ཇུས། བདེ་ཐང་དབུལ་སྐྱོར་སྲིད་ཇུས་བཅས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གོང་འཕེལ་གྱི་སྲིད་ཇུས་ཆེན་པོ་ལྔ་རུ་ཞུགས་དགོས་པ་སོགས་ཀྱི་ཐད་བླང་བྱ་བཏོན།

ཁུལ་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་ཁུལ་འཕྲོད་བསྟེན་འཆར་སྐྱེ་ཨུ་ཡོན་ལྷན་ཁང་། ཁུལ་གཏོགས་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཨུ་ཡོན་ལྷན་ཁང་གི་ཁའོ་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་ཀན་ལྷོའི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་སུ་ཞུགས།

རྫོང་སོ་སོ་དང་གྲོང་ཁྱེར་གྱིས་ཡན་ལག་ཚོགས་ར་བཙུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།