ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལིན་ཡུན་གྱིས་ཨ་མཆོག་གྲོང་རྡལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཁྲིད་དེ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་དུ་སོང་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བར་ཆེད་དོན་རྟོག་ཞིབ་བྱས། 

ཀྲའོ་ལིན་ཡུན་འཁོར་དང་བཅས་པ་སྔ་གཞུག་ཏུ་འབྲོས་པ་སྡེ་བ་དང་རྔ་རྒོད་སྡེ་བར་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ། གྲོང་སྡེ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དམངས་ཕྱུག་ཐོན་ལས་གསོ་སྐྱོང་། སྡེ་བའི་རྣམ་པ་ལེགས་བཅོས། ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། རོང་འབྲོག་ཁྱིམ་ཚང་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་སྡོད་ཁང་འཛུགས་སྐྲུན། ཡོང་སྒོའི་ཡོང་ཁུངས། ཞིང་ཕན་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་ཚོགས། 

ཀྲའོ་ལིན་ཡུན་གྱིས་བསྟན་དོན། འབྲོས་པ་དང་རྔ་རྒོད་སྡེ་བ་གཉིས་ནི་བསང་ཆུ་གནམ་གྲུ་ཐང་གི་ཉེ་འགྲམ་དུ་ཡོད་ལ། གནམ་གྲུ་ཐང་གི་རིམ་པ་གཉིས་པའི་གཞུང་ལམ་གྱི་ས་ཚིགས་གཙོ་བོ་ཡིན། དེ་དང་ཆབས་ཅིག་ཏུ་ཀན་ལྷོའི་རོང་འབྲོག་སྡེ་བའི་འཕེལ་རྒྱས་རྣམ་པ་དང་ཁུལ་ཡོངས་ཀྱི་སྤྱིའི་གཟུགས་བརྙན་སྟོན་པའི་སྒེའུ་ཁུང་ལྟ་བུ་ཡིན་པས། སྡེ་བ་གཉིས་ཀྱི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པར་ལས་གཞིའི་མ་དངུལ་གྱི་རོགས་སྐྱོར་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་ཕྱོགས་བསྡུས་ཞབས་ཞུར་འགན་སྲུང་བྱས་ནས། དཀའ་ཁག་ལ་དོ་སྣང་བྱེད་པ་དང་ཡིད་ཆེས་བརྟན་པོ་བཅངས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་དཀའ་ཁག་ཡོད་ཚད་བསལ་ནས། ཤུགས་ཡོད་རྒུས་སྡེ་བ་གཉིས་པོ་ནུས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་ཁོར་ཡུག་གསར་བརྗེའི་སྤུས་རིམ་གསར་བའི་དཔེ་སྟོན་སྡེ་བར་འཛུགས་སྐྲུན་བྱ་དགོས། 

ཀྲའོ་ལིན་ཡུན་གྱིས་དཔེ་སྟོན་སྡེ་བ་གསར་འཛུགས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་ཐོབ་པར་བྱ་དགོས། སྡེ་བ་གཉིས་ཀྱི་ཁྱད་པར་ཅན་གྱི་ས་བབ་ཀྱི་ལེགས་ཆ་དང་སྡེ་བའི་གནས་ཚུལ་དངོས་ལ་དམིགས་ཏེ། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འབྲོས་པ་དང་རྔ་རྒོད་དཔེ་མཚོན་སྡེ་བ་གཉིས་གསར་སྐྲུན་བྱེད་པ་དེས། ཨ་མཆོག་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་གྱི་འཆར་གཞི་ལག་བསྟར་དང་། ཨ་མཆོག་ས་ཁུལ་གྱི་དཔལ་འབྱོར་རྒྱུན་རིང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས། ཁུལ་ཡོངས་ཀྱི་རོང་མ་འབྲོག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་མིག་དཔེ་བསྐྲུན་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་དབུར་ཐར་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོའི་ཆེད་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་བ་དང་། དེང་རབས་ཀྱི་དཔལ་ཡོན་གྱི་རྣམ་པ་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་མྱོང་རོལ་བྱེད་པའི་ནུས་ལྡན་གྱི་ལམ་བུ་ཞིག་དང་། རོང་འབྲོག་སྡེ་བའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས། ཀན་ལྷོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་གནས་སྟངས་གསར་བ་མཚོན་པའི་སྒེའུ་ཁུང་ལྟ་བུའི་སྟེགས་བུ་ཡིན་ཞེས་ནན་གྱིས་བསྟན། 

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་དང་། ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མིའམ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུའི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།