ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་ཁོར་ཡུག་བཅོས་སྒྱུར་རིམ་སྤར་གྱི“མ་དཔེ་སྡེ་བ”གསར་གཏོད་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་ཚད་ཀྱིས་ཁུལ་ཡོངས་ཀྱི་ཁོར་ཡུག་བཅོས་སྒྱུར་རིམ་སྤར་གྱི“མ་དཔེ་སྡེ་བ”གསར་གཏོད་བྱེད་པའི་བྱ་བར་སྐུལ་འདེད་བཏང་།

བཀོད་སྒྲིག་ཏན་ཏིག་བྱས་པ། ཀླུ་ཆུ་རྫོང་གིས་སྔ་གཞུག་ཏུ་རྫོང་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་ཁུལ་དང་རྫོང་གི“མ་དཔེ་སྡེ་བ”གསར་གཏོད་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཁུལ་ཡོངས་ཀྱི་ཁོར་ཡུག་བཅོས་སྒྱུར་རིམ་སྤར་གྱི“མ་དཔེ་སྡེ་བ”གསར་གཏོད་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས། ཀ་ཤུལ་སྡེ་བར་མང་ཚོགས་ཀྱི་ཚོགས་ཆེན་བསྡུས་ཏེ་མང་ཚོགས་ཀྱིས་མ་དངུལ་རང་གྲབས་དང་ལས་ཀར་ཞུགས་པ། ཐང་ཆེན་ཁོད་སྙོམས་ལྗང་འགྱུར་སོགས་ཀྱི་བྱ་བར་ཞུགས་པར་ཡར་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས།

བྱ་བའི་སྒྲུབ་སྟངས་གསར་གཏོད་བྱས་པ། རྫོང་ཡོངས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་ཅིག་ལ་འབྲེལ་གཏུག་བྱས་ནས་རོགས་འཛུགས་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་དུ་བསྟར་ཞིང་། རྫོང་ཨུའི་རྒྱུན་ཨུ་སོ་སོ་དང་རྫོང་དམངས་ཆེན་དང་སྲིད་གྲོས་ཀྱི་འགན་ཁུར་བ་གཙོ་བོ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སོ་སོ། དེ་མིན་རྫོང་ཐད་གཏོགས་སྡེ་ཚན34ལ་འབྲེལ་གཏུག་བྱས་ནས་བསྡོམས་པས་ཀ་ཤུལ་སྡེ་བའི་རོང་འབྲོག་ཁྱིམ55ལ་རོགས་འཛུགས་བྱས་པ་དང་། ཆེད་དུ་བྱ་བྱེད་མི་སྣ40འཐེན་གཏོང་བྱས་ཏེ་ལས་བྱེད་པ་རྒྱུན་སྡོད་ཁྲིད་སྟོན་གྱི་བྱེད་ཐབས་སྤྱད་ནས། “ལག་ཟུང་སྦྲེལ་ཞིང་ཡིད་སེམས་པ་མཐུན་པའི་ངང་མཛེས་སྡུག་གི་ཀ་ཤུལ་གསར་བ་མཉམ་སྐྲུན་བྱ”ཞེས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ།

བྱ་བའི་འགན་འཁྲི་གསལ་བ། རོགས་འཛུགས་བྱེད་པའི་སྡེ་ཚན་དང་འགོ་ཁྲིད་ལས་བྱེད་པས་ཁུལ་ཨུའི་གཞུང་སྒྲུབ་ཁང་གིས་གཏན་ཁེལ་བྱས་པའི་མཚོ་ཉིན་ཤང་ཀ་ཤུལ་སྡེ་བའི་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་བྱ་བའི་ཚད་གཞི་ལྟར། འབྲེལ་གཏུག་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲར་ངོ་བོའི་ཐོག་ནས་འགྱུར་ལྡོག་འབྱུང་བའི་བླང་བྱ་བཏོན།

དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་པ། བསམ་བློའི་དྲིལ་བསྒྲགས་སློབ་གསོར་དོ་ཁུར་བྱས་ཏེ། རྟོག་ཞིབ་སྒྲོག་སྦྱང་དང་སྡེ་ཞུགས་སྒྲོག་སྦྱང་། ཁྱིམ་ཞུགས་སྒྲོག་སྦྱང་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས། འབྲོག་པ་མང་ཚོགས་ལས་ཀར་ཞུགས་པ་དང་། མཉམ་དུ་མཛེས་པའི་གཞིས་ཁྱིམ་བསྐྲུན་པ་དང་བདེ་བའི་འཚོ་བ་རོལ་བར་ཁྲིད་སྟོན་བྱས་ཤིང་སློབ་གསོ་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།