ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ལུགས(བོད)སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ2020ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་ཀྲུང་ལུགས་(བོད)སྨན་རྫས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར10ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

ཉེ་ཆར། ཀན་སུའུ་ཞིང་ཆེན་ལུང་སྨན་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས《ཀན་སུའུ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ཀྲུང་ལུགས་(བོད་)སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་》པར་འགྲེམས་བྱས་ཏེ་ཁེ་ལས་ཀྱིས་ལྕ་བ་དང་། ཟི་ར་སེར་པོ། རྩྭ་ཀླུ་བདུད་རྡོ་རྗེ་སོགས་སྨན་རྒྱུ་གཙོ་གནད་དུ་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། “ཀུང་སི་དང་། རྟེན་གཞི། ཆེད་ལས་མཉམ་ལས་ཁང་། ཞིང་དུད་བཅས་མཉམ་འབྲེལ”རྣམ་པ་གཙོ་བོ་བྱེད་པ། ས་ཞིང་བརྒྱུད་བཤུག་དང་མངགས་ཐོ་རྣམ་པའི་འདེབས་འཛུགས་སོགས་བྱེད་སྟངས་སྣ་ཚོགས་སྤྱོད་དེ་ཅོ་ནེ་དང་བཱ་ཙེ་སོགས་སུ་སོན་དང་སྡོང་ཕྲུག་ཚད་ལྡན་ཅན་གྱི་གཅིག་སྡུད་སྐྱེད་སྲིང་རྟེན་གཞི་དང་སྤུས་ལེགས་ཀྱི་ཀྲུང་ལུགས་(བོད་)སྨན་རྫས་སྨན་རྒྱུ་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་ཅོ་ནེ་དང་། གཙོས། བཱ་ཙེ་སོགས་རྫོང་དང་གྲོང་ཁྱེར་ནས་གྲོང་ཚོ་དབུལ་པོ་བདམས་ཏེ་ཚོད་ལྟ་བྱ་རྒྱུ་དང་ཀྲུང་ལུགས་(བོད་)སྨན་རྫས་འདེབས་འཛུགས་དང་ཐོན་ཡུལ་ནས་ལས་སྣོན་རགས་ཙམ་བྱས་ཏེ་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པས་ས་ཞིང་དང་མ་དངུལ་མ་རྐང་དུ་བཞག་ནས་ཁེ་སྤོགས་བགོ་བའི་ཁྲིད་སྟོན་བྱེད་པ་སོགས་བྱེད་སྟངས་བརྒྱུད་ཀྲུང་ལུགས(བོད)སྨན་རྫས་ཆེད་ལས་མཉམ་ལས་ཁང་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་གྲོང་ཚོའི་མཉམ་སྡེབ་ཁེ་ལས་བསྐྲུན་ནས་མཐར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་རེད།

དེ་དང་དུས་མཚུངས་སུ་ཀན་སུའུ་ཞིང་ཆེན་གྱིས་བསང་ཆུ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་གྱི་བོད་ལུགས་གསོ་རིག་སློབ་གླིང་ལྟེ་གནས་སུ་བྱས་ཏེ་བོད་ལུགས་གསོ་རིག་གི་ལོ་རྒྱུས་རིག་གནས་ཡུལ་སྐོར་ལས་སྒོ་གཏོད་རྒྱུ་དང་བོད་ལུགས་གསོ་རིག་གི་རིག་གནས་མྱོང་རོལ་དང་། བོད་ལུགས་གསོ་རིག་གི་འཕྲོད་སྦྱོར་མྱོང་རོལ། བོད་ལུགས་གསོ་རིག་གི་སྨན་རྫས་མྱོང་རོལ་བཅས་ཁྱད་ཆོས་སུ་འཛིན་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལུས་གསོ་དང་། འཕྲོད་སྦྱོར། ཡུལ་སྐོར་བཅས་ཀྱི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

ཀན་སུའུ་ཞིང་ཆེན་གྱིས2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཀྲུང་(བོད་)སྨན་སྨན་རྒྱུ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི40ཟིན་པ་དང་། བོད་སྨན་དང་ཀྲུང་ལུགས་ཀྱི་བཟོས་སྨན་ཐོན་སྐྱེད་བྱེད་ཚད་ཏུན100ཟིན་པ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཡན་ཟིན་པའི་སྣེ་འདྲེན་ཁེ་ལས3ནས5བར་སྐྱེད་སྲིང་བྱས་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་ཀྲུང་ལུགས་(བོད་)སྨན་རྫས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར10ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།