ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གིས་རླམ་རྩྭ་ཕོ་སུལ་གྱི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱར་དུས་སུ་འབྲུག་ཆུའི་ཞིང་ནང་དུ་བསྐྱོད་ཚེ། རླམ་རྩྭ་ཕོ་སུལ་གྱི་སྐྱ་ཆིལ་ཆིལ་གྱི་དྲོད་ཁང་གིས་མིག་དབང་ཅིག་ཅར་དུ་འཕྲོག་ངེས།

“དེ་སྔོན་ཞིང་ནང་དུ་གྲོ་དང་མ་རྨོས་ལོ་ཏོག་བཏབ་རུང་ལོ་གཅིག་ནང་ཡོང་འབབ་སྒོར1000ཡང་ཟིན་གྱི་མི་འདུག ད་ཆ་གྲོང་མི་ཚོས་རླམ་རྩྭ་ཕོ་སུལ་འདེབས་སེམས་ཆེན་པོ་ཡོད། ཚང་མས་དེ་ལས་ཁོང་ཚོར་དཔལ་འབྱོར་ཡོང་འབབ་སྔར་བས་མང་བ་རག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་དྲོད་ཁང་ནང་ཆུ་གཏོར་བཞིན་པའི་ཆུ་བར་ཤང་ཕྲེང་མ་གྲོང་ཚོ་ཀླུ་རི་ཚོགས་ཆུང་གི་གྲོང་མིས་དེ་ལྟར་བཤད།

རླམ་རྩྭ་ཕོ་སུལ་གྱིས་ས་ཁྱོན་ཆེན་པོ་མ་བཟུང་བ་དང་། མ་དངུལ་གཏོང་ཉུང་བ། ཡོང་འབབ་མཐོ་བ། ཕན་འབྲས་ཐོན་མྱུར་པོ་ཡོད། མུའུ་གཅིག་གི་རླམ་རྩྭ་ཕོ་སུལ་ནས་ཐོན་སྐྱེད་རིན་ཐང་སྒོར་ཁྲི2ཡས་མས་ཟིན་གྱི་ཡོད། མི་རྣམས་ཀྱི་རླམ་རྩྭ་ཕོ་སུལ་གྱི་དགོས་མཁོ་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་སྦྲགས། རི་སྐྱེས་ཐོན་ཁུངས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་སྟབས་མིས་བཟོས་འདེབས་གསོའི་ཁྲོམ་རའི་མདུན་ལམ་ཧ་ཅང་ཡག་པོ་ཡོད་པ་རེད།

ད་ཕན་ལོ་ཤས་ནང་། འབྲུག་ཆུ་རྫོང་གིས་རླམ་རྩྭ་ཕོ་སུལ་ཐོན་ལས་ཉིད་སྒྲིག་བཀོད་ཞིང་ལས་ཀྱི“གྲུབ་ཆ་ལེགས་གཏོང་དང་། ཕྱོགས་སྒྱུར་སྐུལ་འདེད། སྤུས་ཚད་མཐོར་གཏོང”བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་རླམ་རྩྭ་ཕོ་སུལ་གྱི་ཐོན་ལས་སྟོབས་ཆེར་བཏང་སྟེ་དམངས་ཕྱུག་རྫོང་དར་གྱི་ཉི་གཞོན་ཐོན་ལས་ལྟ་བུར་འགྱུར་བ་བྱས་ཡོད།

ཟླ10པར་རླམ་རྩྭ་ཕོ་སུལ་བཏབ་ན། ཕྱི་ལོའི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་འཐུ་ཆོག་པ་དང་། ཉིན45རིང་བཏུས་ན་འགྲིག་གི་ཡོད། བཏབ་རྗེས་མུ་མཐུད་མོག་རོའམ་ཡང་ན་དེ་མིན་གྱི་ཞིང་ལས་སྐྱེ་དངོས་འདེབས་ཆོག དེས་མི་དང་སའི་དབར་གྱི་འགལ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ས་ཞིང་སྤྱོད་ཚད་ཆེ་རུ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་གཏོང་ཐུབ།

ངོ་སྤྲོད་བྱས་པར་གཞིགས་ན། འབྲུག་ཆུ་རྫོང་གིས2015ལོ་ནས་བཟུང་རླམ་རྩྭ་ཕོ་སུལ་ཚོད་འདེབས་བྱས་པ་དང་། མིག་སྔར་ཆ་སྙོམས་མུའུ་རེ་ནས་ཐོན་རྫས་རྒྱ་མ45ཟིན་གྱི་ཡོད། ཁྲོམ་རའི་རིན་གོང་ལྟར་རྒྱ་མ་རེར་སྒོར800བྱས་ནས་བརྩིས་ཚེ། མུའུ་རེའི་ཐོན་ཚད་རིན་ཐང་སྒོར་ཁྲི3.6ཟིན་གྱི་ཡོད། འགྲོ་གྲོན་ཁག་ཕུད་མུའུ་རེ་ནས་ཁེར་གཙང་ཡོང་འབབ་སྒོར་ཁྲི2ལྷག་ཙམ་ཟིན་གྱི་ཡོད། འདི་ལོ་འབྲུག་ཆུ་རྫོང་གིས་ཤང་གྲོང19རུ་མུའུ356ཡོད་པའི་དྲོད་ཁང1068དུ་རླམ་རྩྭ་ཕོ་སུལ་བཏབ་པས་སྔོན་དཔག་བྱས་ན་ཐོན་ཚད་རིན་ཐང་སྒོར་ཁྲི700ཟིན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།