ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་ནུས་ཤུགས་ཡོད་དགུའི་རྣམ་གྲངས་འཛུགས་སྐྲུན་གྱི་བྱ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་སྔོན་བརྒལ་གྱི་ཐབས་ཇུས་གསོག་འཇོག་དང་། སྔ་མའི་བྱ་བ་སྔ་མོར་རྒྱ་ཆེར་སྤེལ་བ། རྣམ་གྲངས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་བ། ལས་ཚད་དང་སྤུས་ཚད་ནན་གྱིས་འཛིན་པ། ཁོར་ཡུག་འཛུགས་སྐྲུན་ལེགས་བསྒྱུར་བྱེད་པ། ལྟ་ཞིབ་དོ་དམ་ཀྱི་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་དྲུག་ལག་བསྟར་བྱེད་ཅིང་། རྣམ་གྲངས་འཛུགས་སྐྲུན་གྱི་བྱ་བ་ནན་གྱིས་བཟུང་ནས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར9.6བཏང་བའི་རྣམ་གྲངས36གྱི་སྔ་མའི་བྱ་བ་ཁྱོན་ཡོངས་ནས་འགོ་ཚུགས་པར་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། རྨང་གཞི་སྒྲིག་བཀོད། ཐོན་ལས་གསར་འབྱེད། ཚན་རིག     སློབ་གསོ། རིག་གནས། འཕྲོད་བསྟེན། གནད་ཕིགས་དབུལ་སྐྱོར་སོགས་རྣམ་གྲངས་སྐོར་ཅིག་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེགས་པོ་མངོན།

རྨ་ཆུ་རྫོང་གིས་ཐོག་མཐའ་བར་གསུམ་དུ“དགུན་དུས་ཐབས་ཇུས་འགོད་པ་དང་དཔྱིད་དུས་དོན་གཉེར་བྱེད་པ”དང་། དུས་ཐོག་ཏུ་ཁ་གསབ་བྱེད་པ། དྲ་ཐོག་ཏུ་སྙན་ཞུ་བྱས་པའི་རྒྱལ་ཁབ་ཀྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་མཛོད་གསར་བསྒྱུར་དང་འཐུས་ཚང་དུ་གཏོང་བ། དེ་མིན་ལོ་གསུམ་གྱི་བསྒྲིལ་བའི་འཆར་གཞི་རྒྱུན་འཁྱོངས་བྱས་ཏེ། རྣམ་གྲངས་མཛོད་ཀྱི་འགུལ་རྣམ་ཅན་ལ་དོ་དམ་བྱེད་པའི་ཤུགས་ཆེ་རུ་བཏང་ནས་རྫོང་རིམ་པའི་རྣམ་གྲངས་མཛོད་ཀྱི་གསོག་འཇོག་རྣམ་གྲངས200ཡན་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར500ཡན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་གྲོན་དངུལ་འཁོར་འཕེལ་བེད་སྤྱོད་ཐེབས་རྩ་བཙུགས་ནས་སྒོར་ཁྲི500བཀོད་སྒྲིག་བྱས་ཏེ་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀའི་འགྲོ་གྲོན་བྱས། 

རྣམ་གྲངས་ཀྱི་མྱུར་ཚད་དང་རྣམ་གྲངས་ཀྱི་སྤུས་ཚད་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཆེད། གཙོ་གནད་ལས་གཞི་འཛུགས་སྐྲུན་ལག་བསྟར་ཐད་དམིགས་བསལ་གྱི་དོན་དག་དམིགས་བསལ་གྱིས་སྒྲུབ་པ་དང་ལྗང་མདོག་བགྲོད་ལམ་བཙུགས་ནས་དུས་བཀག་ལྟར་ལས་མཇུག་སྒྲིལ་བའི་ལམ་ལུགས་དང་། རྩད་གཅོད་འགན་འཁྲིའི་ལམ་ལུགས།  འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ཁྱབ་སྤེལ་ཏུ་བཏང་ནས་ནུས་ཤུགས་ཡོད་དགུའི་རྣམ་གྲངས་འཆར་འགོད་་ལ་ཇུས་གཞི་འགོད་པ་དང་། དངུལ་རྩའི་ཞབས་ཞུ། ས་བསྡུ་བཤིག་སྤོ། ཆུ་གློག་མཁོ་འདོན། རྒྱུ་ཆ་སྐྱེལ་འདྲེན་སོགས་ཀྱི་བྱ་བ་སྒྲུབ་པ་ཁོད་ཡངས་སུ་གཏོང་བ། ཨར་ལས་ཁོར་ཡུག་ཐད་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལྟ་ཞིབ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཟླ་རེར་ལྟ་ཞིབ་དང་ཟླ་རེར་སྙན་ཞུ་དང་གཟིགས་བཟོས་ཆད་འགེལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེ་མོ་ཐེངས་གསུམ་པ་བྱེད་སྐབས་ལྡོག་འདྲེན་བྱས་པའི་མྱུར་ཚད་འགོར་བའི་རྣམ་གྲངས34ལ་དུས་ཐོག་ཏུ་མཉམ་འབྲེལ་ལྟ་ཞིབ་ཚོགས་ཆུང་བཙུགས་ནས་ཡུལ་དངོས་སུ་སྐུལ་སྒྲུབ་བྱེད་དགོས་ལ། རྣམ་གྲངས་ཡོད་ཚད་ཁག་བགོས་ཚད་ཅན་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་མྱུར་ཚད་འགོར་བའི་རྣམ་གྲངས34ཡི་ཁྲོད་རྣམ་གྲངས་ཁག8ལེགས་གྲུབ་ཟིན་པ་དང་མ་འཇོག་ལེགས་གྲུབ་བྱེད་ཚད60%ཡན་ཟིན་པའི་རྣམ་གྲངས་ཁག10བཅས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།