ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ཏན་ཏིག་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྦྲགས་སྲིད་དོ་དམ་ཅུའུ་ཡིས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཁུལ་ཡོངས་ཀྱི་སྦྲགས་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་ལས་བཟོ་བ་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་སྦྲགས་སྲིད་ལས་རིགས་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བར་ཞུགས།

ལས་ཁུངས་ཀྱི་འགན་བབ་ས་ཆའི་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་བྱ་བ་ཡག་པོ་སྒྲུབ་པའི་ཞོར་དུ། སྦྲགས་སྲིད་མྱུར་སྐྱེལ་ཁེ་ལས་སོ་སོར་ཆེད་དུ་བརྡ་ཐོ་བཏང་ནས། སྦྲགས་སྲིད་མྱུར་སྐྱེལ་ཁེ་ལས་སོ་སོ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་ཁྲོད་ཧུར་ཐག་སྒོས་ཞུགས་པར་འབོད་སྐུལ་བཏང་། ཁུལ་ཡོངས་ཀྱི་སྦྲགས་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་སྐྱེལ་འདྲེན་རླངས་འཁོར83གྱི་སྟེང་དུ་ཁོར་ཡུག་གཙང་སྦྲའི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་མ་ཟད། བསྐུར་དངོས་ཀྱི་སྟེང་དུའང་དྲན་སྐུལ་གྱི་མཚན་བྱང་སྦྱར་ནས། ཧུར་ཐག་གིས་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་བྱ་བར་སྣང་ཚུལ་ཡག་པོ་བསྐྲུན། སྦྲགས་སྲིད་མྱུར་སྐྱེལ་ཁེ་ལས་སོ་སོས་ལས་རིགས་ཡོངས་ཀྱི“གཅིག་གྱུར་གསུམ”གྱི་བྱ་བ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ། སྒོ་ཁའི“འགན་ལེན་གསུམ་”དང་ཁོར་ཡུག་གཙང་སྦྲའི་འགན་ལེན་ས་ཆའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནན་ཏན་གྱིས་བསྒྲུབས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།