ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་ཡུལ་སྐོར་ཅུས་ཀྱིས་ཀན་ལྷོའི་ཡུལ་སྐོར་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན་ནས་ཚེས8ཉིན་བར་། ཐེན་ཅིན་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཅུས་ཀྲང་དབྱང་ཧྲི་ཧའོ་ཡིས་ཐེན་ཅིན་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཀན་ལྷོའི་ཡུལ་སྐོར་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་འཐུས་ཚབ་ཚོགས་པ་ཁྲིད་དེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བར་རྟོག་ཞིབ་བྱས། 

རྟོག་ཞིབ་བྱེད་པའི་སྐབས་སུ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་འཐུས་ཚབ་ཚོགས་པར་འགྲོ་རོགས་བྱས་ཏེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་ནས་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་མ་ཟད། གཙོས་གྲོང་ཁྱེར་གྱི་མཚན་ལྗོངས་ལ་ལྟ་སྐོར་བྱས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། ཐེན་ཅིན་གྱིས་ཀན་ལྷོར་རོགས་སྐྱོར་བྱེད་པའི་སྤྱི་ཁྱབ་བཀོད་འདོམས་པ་སུང་ཡིའུ་ཧའོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་རེའུ་ཕིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཞའོ་ནན་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་ལིན་ཐན་རྫོང་འགོ་ནང་ཐང་དང་ཨ་མ་འབྲུག་མཚོ། གཙོས་གྲོང་ཁྱེར་མཛོད་དགེ་རྩྭ་ཐང་། གཙོས་སྲས་མཁར་དགུ་ཐོག ཀླུ་ཆུ་རྫོང་ཡུལ་སྐོར་ཆེད་ལས་སྡེ་བ་ཀ་ཤུལ་སྡེ་བ་དང་རྐྱང་ཐང་མཚོ། ལྷ་མོ་དགོན། ཐེ་བོ་རྫོང་བྲག་སྒམ་ནང་དང་ཚུར་རུ་ནང་གསར་བརྗེའི་རྗེས་ཤུལ། ལ་གཟར་འགག ཅོ་ནེ་རྫོང་ཅོ་ནེ་དཔོན་པོའི་དྲན་གསོ་ཁང་། བསང་ཆུ་རྫོང་ཅིན་ཏུང་ཀན་ལྷོའི་ཚོམས་ཆེན། བླ་བྲང་དགོན་པ་སོགས་ལ་སོང་ནས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་དོ་དམ་སྒྲིག་གཞི་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། ཁོངས་ཡོངས་ཡུལ་སྐོར་འཆར་འགོད་འཕེལ་རྒྱས་དང་། ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ། ཡུལ་སྐོར་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་གསར་སྤེལ་སོགས་ཀྱི་ཐད་ནས་རང་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བ་དང་བསམ་ཚུལ་བརྗེ་རེས་བྱས། 

རྟོག་ཞིབ་བྱས་པ་བརྒྱུད་ནས། འཐུས་ཚབ་ཚོགས་པས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་བྱས་ཤིང་། ཀན་ལྷོ་དང་ཐེན་ཅིན་ས་ཁུལ་གཉིས་ཀྱི་ཡུལ་སྐོར་ཐད་ཀྱི་ཕན་ཚུན་ཁ་གསབ་རང་བཞིན་བཟང་བས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ཐེན་ཅིན་གྲོང་ཁྱེར་ཡུལ་སྐོར་གཙོ་གཉེར་སྡེ་ཁག་དང་ཐེན་ཅིན་ཡུལ་སྐོར་མཐུན་ཚོགས་ཀྱི་དངོས་གཉེར་གྱི་བསམ་བློ་འདོན་སྤེལ་བྱས་ཏེ། ཐེན་ཅིན་གྱི་གྲོང་མི་ཁྲི་ཕྲག་ཀན་ལྷོར་ཡུལ་སྐོར་དུ་ཡོང་བའི བྱ་འགུལ་ལེགས་འགྲུབ་འབྱུང་བ་ཁག་ཐེག་བྱེད་པ་དང་། སྔར་ལས་ལྷག་པར་ཀན་ལྷོའི་ཡུལ་སྐོར་འོས་སྦྱོར་བྱ་བ་ལེགས་པོ་སྤེལ་ནས། ཀན་ལྷོའི་ཡུལ་སྐོར་གྱི་སྐད་གྲགས་ཇེ་ཆེར་བཏང་ནས། ཀན་ལྷོ་དང་ཐེན་ཅིན་གྱི་ཡུལ་སྐོར་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྐུལ་ཁྲིད། མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་ནས། སྔར་ལས་ལྷག་པར་ས་ཁོངས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་ཀན་ལྷོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེ་ཚན་གསར་བ་ཞིག་འབྲི་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།