ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞོན་ཞ་ཧྥུ་ཡི་དྲན་གསོ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཀན་སུའུ་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི ——གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞོན་ཞ་ཧྥུ་ཡི་དྲན་གསོ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། 

གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞོན་ཞ་ཧྥུ་ཡི་དྲན་གསོ་ཁང་བསྐྲུན་པ་དེ་ནི། གསར་བརྗེའི་སྔོན་བྱོན་དཔའ་བོ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཏུ་གྱུར་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བསམ་བློ་རྩ་ཆེན་དང་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས། གསར་སྤེལ་གསར་གཏོད་དང་དཀའ་གནད་ཁྱད་དུ་བསད་ཅིང་།  ཏང་གི་ལོ་རྒྱུས་ཁྲོད་ནས་ཤེས་རིག་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལོ་རྒྱུས་ལ་དཔེ་ལྟ་དང་སྲིད་སྐྱོང་སློབ་གསོར་སློབ་སྦྱོང་བྱས་ན། དཔལ་འབྱོར་གཏན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་དང་། རིགས་སོ་སོའི་མི་དམངས་མཉམ་དུ་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱ་ཐུབ།  

དུས་རབས་སྔོན་མའི་ལོ་རབས 20བའི་ནང་དུ། ཀན་ལྷོ་བོད་ཁུལ་ལ་དམག་ཤེད་ཅན་གྱི་དབང་བསྒྱུར་དང་བོད་རིགས་མང་ཚོགས་ལ་དཀའ་ཁག་ཆེ་བའི་དུས་སྐབས་སུ་འཁེལ་ཡོད་པས། ཞོན་ཞ་ཧྥུ་ཡིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་རྨ་ཆུར་ཕྱིན་ནས། “བོད་དམངས་རིག་གནས་སྐུལ་སྤེལ་ཚོགས་པ” བཙུགས་ཤིང་། “ཀན་སུའུ་དང་མཚོ་སྔོན་བོད་དམངས་མནའ་འབྲེལ་ཆེན་མོ” བཙུགས་ཏེ། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་འཕེལ་རྒྱས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་བོད་ཁུལ་དུ་ཁྱབ་སྤེལ་བཏང་བས། ལོ་རྒྱུས་ཀྱི་དོན་སྙིང་ཆེན་མོ་ལྡན་ལ་དངོས་ཡོད་ཤུགས་རྐྱེན་གཏིང་ཟབ་མོ་ཡིན་པས། ཏང་གིས་མི་རིགས་ས་ཁུལ་དུ་གསར་བརྗེའི་བྱ་བ་སྤེལ་བའི་དཔེ་སྟོན་བཟང་བོ་བཙུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།