ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་རྨ་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་འགུལ་རགས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཞབས་ཞུ་དང་དོ་དམ་གཉིས་ཀ་གཙོ་བོ་ཡིན་པའི་བྱ་བའི་འདུ་ཤེས་གནད་དུ་བཟུང་སྟེ། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར། ཐོན་ལས་གཙོ་ཆེ་གཉིས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་གྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྒྲིག་སོགས་གཙོ་གནད་བྱ་བ་ཟུང་འབྲེལ་དམ་ཚགས་བྱས་ནས། ཧུར་བརྩོན་གྱིས་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དགོན་པའི་སྤྱི་ཚོགས་དོ་དམ་བྱ་བའི་རིག་ལམ་གསར་བ་དང་བྱེད་ཐབས་གསར་བར་ཉམས་ཞིབ་བྱས།

གསར་འཛུགས་བྱ་བ་སྤེལ་བ་ནས་བཟུང་། རྨ་ཆུ་རྫོང་གིས་གསར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་སྟེ། དེའི་གཞུང་ལས་ཁང་དང་བྱ་བའི་ཚན་ཆུང་བརྒྱད་ཀྱི་འགན་འཁྲི་གསལ་བོ་བྱས། བོད་བརྒྱུད་ནང་བསྟན་གྱི་ལས་བཟོ་མི་སྣའི་ཆབ་སྲིད་གསོ་སྦྱོང་འཛིན་གྲྭ་ཐེངས12བསྒྲུབས། ལས་བཟོ་མི་སྣ་མི334ལ་གསོ་སྦྱོང་བྱས། 2016ལོར། མི་ཁྲི100ལྷག་ཞུགས་ཡོད་པའི་དགེ་བཤེས་ཆེན་མོ་འཇིགས་མེད་དཔལ་ལྡན་རྒྱ་མཚོས་དངུལ་ར་ནས་དུས་འཁོར་དབང་ཆེན་དབང་སྐུར་བ་ལ་རྩ་འཛུགས་བྱས་ནས་ལེགས་གྲུབ་བྱུང་སྟེ། ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་དང་། ཆོས་ལུགས་ལས་རིགས་ཀྱི་སྐྱེས་ཆེན་དམ་པའི་ཁས་ལེན། དད་ལྡན་མང་ཚོཊ་ཀྱི“དམིགས་ཡུལ་ཆེན་པོ་གསུམ”མངོན་འགྱུར་བྱུང་།

ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་བར་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། བྱང་གཅིག་ཀུན་རྒྱུགས་ཀྱི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི4437འགྲེམ་གཏོང་བྱས་པ་བརྒྱུད་ནས། དེང་རབས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས། “ཐོན་གསུམ་མཚོན་རྟགས་གཅིག”གི་འཛུགས་སྐྲུན་ལ་ཤུགས་བསྣན། “རྨ་ཆུའི་ནོར”དང“རྨ་ཆུའི་དངུལ་རའི་ལུག”བདེ་བླག་ངང་རྒྱལ་ཁབ་ཞིང་ལས་པུའུ་ཡིས་ས་ཁམས་མཚོན་རྟགས་ཀྱི་དཔྱད་ཞིབ་བྱས། སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་ཆེན་དང་། སྐབས་བཞི་བའི་ལུག་དང་ཁྱིའི་འགྲེམ་སྟོན་དང་དཔྱད་སྡུར། “རྨ་ཁུག་དང་པོའི་རླངས་འཁོར་རིག་གནས་དུས་ཆེན་དང་རྩྭ་ཐང་རོལ་དབྱངས་དུས་ཆེན”ཞོན་ཞ་ཧྥུ་ཀན་ལྷོའི་བོད་ཁུལ་དུ་བསྐྱོད་ནས་ལོ་འཁོར90ཡི་གྲོས་ཞིབ་ཚོགས་འདུ་སོགས་དུས་སྟོན་བྱ་འགུལ་སྤེལ་བ་ལེགས་འགྲུབ་བྱུང་། “རྨ་ཁུག་དང་པོ” དང“ཀྲུང་གོའི་རྟ་རྒྱུག་ཕ་ས”སོགས་ཡུལ་སྐོར་མིང་རྟགས་ཆེན་མོ་ལྔ་སྔར་ལས་ལྷག་པར་དུ་ཇེ་ལེགས་སུ་སོང་། 

སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་གང་ལེགས་ཀྱིས་བེད་སྤྱོད་བྱས་ནས། དུས་ཐོག་ཏུ་གསར་འཛུགས་བྱ་བ་སྤེལ་བའི་གནས་ཚུལ་དྲིལ་བསྒྲགས་བྱས། སྲང་ལམ་གཙོ་བོ་དང་རྫོང་། ཤང་དང་གྲོང་རྡལ་གྱི་གཞུང་ལམ་གཙོ་བོ་དང་མངོན་གསལ་གྱི་གནས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱང་བུ་བཀལ་བ་མ་ཟད། ཤང་དང་གྲོང་རྡལ་སོ་སོས་མི་རིགས་རིག་གནས་བྱེད་སྒོའི་ཟླ་བ་དང་། ལུས་རྩལ་འགྲན་སྡུར། ཐང་ཆེན་གྱི་རིག་གནས་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ། “ཁ་བྲལ་མི་ཐུབ་པ་གསུམ”གྱི་བསམ་བློ་དང“ངོས་འཛིན་བཞི”ཡི་འདུ་ཤེས་སྔར་ལས་ལྷག་པར་དུ་མིའི་སེམས་སུ་གནས་པར་བྱས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། རྫོང་ཡོངས་སུ་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་ཞིག་བསྐྲུན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།