ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་སྲིད་གཞུང་གིས་དངུལ་བུན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ8ལ་ལམ་གླ་སྤྲོད་མི་དགོས་པ་བཟོས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་བཀྲམ་པའི《གོང་འཕེལ་བཅོས་སྒྱུར་ཨུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ནོར་སྲིད་པུའུ་བཅས་ཀྱིས་གོ་རིམ་ལྡན་པའི་ངང་ནས་སྲིད་གཞུང་གིས་དངུལ་བུན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ་ལ་ལམ་གླ་སྤྲོད་མི་དགོས་པར་བཟོ་བའི་ལག་བསྟར་བསམ་འཆར་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། ཟླ5བའི་ཚེས31ཉིན་ནས་བཟུང་ཀན་སུའུ་ཞིང་ཆེན་ཀན་ལྷོབོད་རིགས་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ལམ་ཐིག213གྱི་ལྷ་མོ་ནས་གཙོས་བར་གྱི་རིམ་པ་གཉིས་པའི་གཞུང་ལམ5ལ་ཕྱོགས་ཡོངས་ནས་ལམ་གླ་སྤྲོད་མི་དགོས་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་དབུལ་བུན་འཇལ་བའི་གཞུང་ལམ་ལ་ལམ་གླ་སྤྲོད་མི་དགོས་པའི་རྗེས་སུ། ཀན་ལྷོ་ཁུལ་མངའ་ཁོངས་ནང་གི་རྒྱལ་ཁབ་རིམ་པའི་ལམ་ཐིག213གྱི་གཙོས་ནས་ལྷ་མོ་བར་གྱི་རིམ་པ་གཉིས་པའི་ལམ་གླ་བསྡུ་བའི་གཞུང་ལམ་གྱི་གཙོས་ཀྱི་དངུལ་སྤྲོད་ས་ཚིགས་དང་ཀླུ་ཆུའི་དངུལ་སྤྲོད་ས་ཚིགས། ཞིང་ཆེན་རིམ་པའི་ལམ་ཐིག306གི་རྨེ་རུ་རྫོང་ནས་གཙོས་བར་གྱི་ཅོ་ནེ་རྫོང་གི་དངུལ་སྤྲོད་ས་ཚིགས། གཙོས་ཀྱི་དངུལ་སྤྲོད་ས་ཚིགས། ཞིང་ཆེན་རིམ་པའི་ལམ་ཐིག312གྱི་བང་གུར་ཐང་ནས་རྟ་རྒྱུག་ཐང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་གླ་སྤྲོད་སའི་བང་གུར་ཐང་གི་དངུལ་བསྡུ་ས་ཚིགས། རྫོང་རིམ་པའི་ལམ་ཐིག408ཀྱི་བསང་ཆུ་ནས་ཨ་མཆོག(བསང་ཆུ་གནམ་གྲུ་ཐང)བར་གྱི་རིམ་པ་གཉིས་པའི་བསང་ཆུའི་དངུལ་སྤྲོད་ས་ཚིགས། ཞིང་ཆེན་རིམ་པའི་ལམ་ཐིག313གྱི་སྡོང་ཁྲོམ་ནས་ཐེ་བོ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ཐེ་བོའི་དངུལ་སྤྲོད་ས་ཚིགས་དང་། སྟག་ར་དངུལ་སྤྲོད་ས་ཚིགས་སོགས་ལམ་གླ་བསྡུ་བའི་གཞུང་ལམ5ཡི་དངུལ་སྤྲོད་ས་ཚིགས8ལ“རྒྱལ་ཁབ་ནས་བསྔགས་སྐུལ་སློང་བྱ་རྒྱུ་དང་ས་གནས་གཙོ་བྱེད་པ་དང་། དམིགས་འབེན་གསལ་བོ། གོ་རིམ་ཡོད་པའི་ངང་ནས་སྤེལ་བ། དངུལ་བུན་དམིགས་འཛིན། ལོ་རེ་བཞིན་འཇལ་སྤྲོད་བྱེད་པ། མི་སྣ་བཀོད་སྒྲིག་བྱས་ཏེ། གཏན་འཇགས་འགན་སྲུང་བྱེད་པའི”སྤྱི་ཁོག་གི་རིག་ལམ་ལྟར། ཕྱོགས་ཡོངས་ནས་ལམ་གླ་བསྡུ་བ་མཇུག་རྫོགས། ཆོག་མཆན་ཐོབ་ཡོད་པ་དང་འགྲོ་ལུགས་ཁ་ཤས་ལ་ཆོག་མཆན་ཐོབ་ཡོད་ཅིང་ལམ་གླ་ད་དུང་བསྡུ་གྱིན་མེད་པའི་ཞིང་ཆེན་རིམ་པའི་ལམ་ཐིག311འགོ་ནང་འགག་གི་ཕུག་ལམ་གྱི་དངུལ་སྤྲོད་ས་ཚིགས་དང་། ཞིང་ཆེན་རིམ་པའི་ལམ་ཐིག204ཡི་ཀ་ཤུལ་ནས་རྨ་ཆུ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་དངུལ་སྤྲོད་ས་ཚིགས། གཙོས་ནས་འགོ་ནང་ཐང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སྨུག་ལུང་ཐང་དངུལ་སྤྲོད་ས་ཚིགས། ཧུང་ཅ་གྲོང་དངུལ་སྤྲོད་ས་ཚིགས་བཅས་ལ་ལམ་གླ་སྤྲོད་མཚམས་བཞག

སྲིད་གཞུང་གིས་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་གླ་མི་བསྡུ་བའི་དམིགས་ཡུལ་ནི་ལམ་གླ་བསྡུ་བའི་གཞུང་ལམ་གྱི་སྒྲིག་གཞི་ལེགས་བསྒྱུར་བྱས་ནས་ལམ་གླ་བསྡུ་བའི་གཞུང་ལམ་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་། རིམ་བཞིན་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་སྤྱི་ཕན་ཞབས་ཞུའི་ཡོངས་སུ་ཁྱབ་པའི་གཞུང་ལམ་སྤྱིར་བཏང་བའི་དྲ་རྒྱ་བཙུགས་ནས། གཞུང་ལམ་གཞུང་གིས་ཡིན་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།