སྐབས་བཅོ་བརྒྱད་པའི་ཀྲུང་གོ· ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས།

1497842023865280.jpgu4Gཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་གོ·ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལན་ཀྲོའུ་རུ་འཚོགས།
u4Gཀྲུང་གོ་བོད་ཀྱི་དྲ་བ།

རྒྱུས་ལོན་བྱུང་བར་གཞིགས་ན། སྐབས་བཅོ་བརྒྱད་པའི་ཀྲུང་གོ·ཀན་ལྷོའི་ཤམ་བྷ་ལ་གནས་སྐོར་སྒྱུ་རྩལ་དུས་ཆེན་ཟླ7པའི་ཚེས17ཉིན་གྱི་སྔ་དྲོར་གཙོས་གྲོང་ཁྱེར་རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་དུང་ཕྲུག་རྩྭ་ཐང་དུ་འགོ་ཚུགས་རྒྱུ་རེད། འགོ་ཚུགས་མཛད་སྒོའི་ཐོག་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་བརྗོད་དོན་གཙོ་བོར་བྱས་ཤིང་། དེར་རྟའི་རུ་ཁག་གི་འཁྲབ་སྟོན་དང་། གླུ་གར་འཁྲབ་སྟོན། མི་སྟོང་གི་སྐོར་བྲོ་འཁྲབ་པ་སོགས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་འདུས་པ་མ་ཟད། དེ་དང་ཆབས་ཅིག་ཏུ་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་དངོས་ཟོག་འགྲེམས་ཚོགས་དང་། སྐབས་དང་པོའི་ཀན་ལྷོའི་རྒྱལ་སྤྱིའི་ཟས་ཞིམ་དུས་ཆེན། ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་རླངས་འཁོར་འགྲེམས་ཚོགས། རྩྭ་ཐང་རོལ་དབྱངས་དུས་ཆེན། “བོད་ཁོངས་ལྟ་ན་སྡུག་པའི་མཛེས་ལྗོངས་ལོངས་སྤྱོད”ཀྱི་ཁྱད་ཆོས་ལྡན་པའི་ཚོང་འདུས། མེ་ཕུང་དགོང་ཚོགས་ཆེ་གྲས། དབུགས་ལྒང་མྱུལ་དཔྱད་བྱེད་པ། ཐང་གའི་བཟོ་རྩལ་འགྲེམས་སྟོན་སོགས་ཀྱང་སྒྱུ་རྩལ་དུས་ཆེན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།།u4Gཀྲུང་གོ་བོད་ཀྱི་དྲ་བ།

1497842023421168.jpgu4Gཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཀན་ལྷོ་ཁུལ་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཆེས་ཆེ་ལྡན་པའི་ས་ཁུལ་རིམ་པའི་སྒྱུ་རྩལ་རྒྱས་འཛོམས་ཤིག་ཡིན་པ་དང་། དེ་ནི་ཀན་ལྷོ་ཁུལ་གྱི་གནས་སྐོར་རིག་གནས་དང་། དཔལ་འབྱོར་འཕེལ་རྒྱས་དང་སྒོ་མོ་འབྱེད་པའི་སྐར་ཁུང་དུ་གྱུར་ཡོད་པ་ཅིང་། དེ་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ལྡུམ་ར་དང་སྒྱུ་རྩལ་མཁས་ཅན་གྱི་འཇོན་ཐང་ངོམ་པའི་གར་སྟེགས་ཞིག་ཡིན་པ་མ་ཟད། མི་དམངས་མང་ཚོགས་ལྷན་འཛོམས་བྱས་ནས་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཀན་ལྷོ་རྩྭ་ཐང་གི་དམངས་སྲོལ་དང་བོད་ཁུལ་དམངས་ཁྲོད་སྒྱུ་རྩལ་ཀྱི་སྙིང་བཅུད་འགྲེམ་སྟོན་གཞི་གཅིག་ཏུ་འདྲེས་ཡོད་ལ། གནས་སྐོར་གསར་སྤེལ་དང་། འཛུགས་སྐྲུན། དྲིལ་བསྒྲགས་བྱས་པ་བརྒྱུད། ཀན་ལྷོ་ཁུལ་གྱི་གནས་སྐོར་སྣེ་ལེན་མི་གྲངས་ལོ་རེ་བཞིན་འཕར་ཡོད་པ་དང་། རིག་གནས་གནས་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། 2016ལོར། གཙོས་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི184སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས47%འཕར་བ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར9.7ལ་སླེབས་ཡོད་པ་དེ་དུས་མཚུངས་ལས50%འཕར་ཡོད། །u4Gཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཀན་སུའུ་ཡན་ལག་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་གི་ཀན་སུའུ་ཡན་ལག་ཁང་། ཀན་སུའུ་ཉིན་རེའི་ཚགས་པར། ཀན་སུའུ་བརྙན་འཕྲིན་ཁང་། མི་དམངས་དྲ་བ། དེ་རིང་གི་འགོ་བརྗོད། ཀན་སུའུ་འཕྲིན་ཆུང་ལས་སྟེགས་སོགས་གསར་འགྱུར་སྨྱན་སྦྱོར30ལྷག་དང་ཀན་སུའུ་ཡི་དར་གོས་ལམ་བུའི་གནས་སྐོར་ལས་དོན་ཁང་དང་། ཀན་སུའུ་ཀྲུང་གོ་རྒྱལ་སྤྱིའི་གནས་སྐོར་ལས་དོན་ཁང་། ཀན་སུའུ་ལན་ཧྲིན་རྒྱལ་སྤྱིའི་གནས་སྐོར་ལས་དོན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་ལས་དོན་ཁང་གྲགས་ཅན་དག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས།u4Gཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཨུ་ལྷན་གྱི་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་། ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ། གཙོས་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱི་འགན་འཁུར་མི་སྣ་བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད། །u4Gཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།