ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཐེ་བོ་རྫོང་གི་ཁྱད་ལྡན་ཐོན་རྫས་ཐེན་ཅིན་གྲོང་ཁྱེར་གྱི་ཚོང་རར་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། དུས་ཡུན་ཉིན10ཡིན་པའི 2017ལོའི “མདོག་དགུའི་ཀན་ལྷོ་སྣ་མང་ཐེ་བོ”ཞེས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ཁྱད་ལྡན་རིག་གནས་དྲིལ་བསྒྲགས་དང་། ཐོན་རྫས་འགྲེམ་ཚོང་། ཡུལ་སྐོར་འོས་སྦྱོར་བྱ་འགུལ་དེ་ཐེན་ཅིན་གྲོང་ཁྱེར་ཨེ་ཆིན་ཧའེ་དངོས་ཉོ་སྤྱི་གླིང་ནས་འགོ་བརྩམས། རིགས་མི་འདྲ་བའི་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་ཀྱི་མིག་ལམ་དུ་བཀྲམ། 

ཐེན་ཅིན་གྲོང་ཁྱེར་ཧོ་ཏུང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིན་ཅན་ཁྲིན་དང་། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། ཐེན་ཅིན་གྱིས་ཀན་ལྷོར་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པ་སུང་ཡིའུ་ཧོ། ཐེན་ཅིན་ཨེ་ཆིན་ཧའེ་དངོས་ཉོ་སྤྱི་གླིང་གི་འགན་ཁུར་བས་མཉམ་དུ་བྱ་འགུལ་འགོ་རྩོམ་པའི་སྤོ་ལོ་འཁོར་སྒུལ་བྱས། 

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་པ་ཧྥན་ཝུའུ་ཏེ་དང་དབྱང་ཝུའུ། དབྱང་ཀྲི་ཚའེ། རིན་ཆེན་དོན་གྲུབ། དབྱང་ཞའོ་ནན། ཐེན་ཅིན་ཧོ་ཏུང་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བ་བཅས་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་ནི་ཐེན་ཅིན་གྲོང་ཁྱེར་ཧོ་ཏུང་ཁུལ་གྱིས་ཁ་གཏད་རོགས་སྐྱོར་དང་གསར་སྤེལ་རོགས་སྐྱོར་གྱི་རིག་ལམ་ལ་ཆེད་དུ་ཇུས་འགོད་བྱས་པ་ཡིན་ལ། ཐེ་བོ་རྫོང་གི་ཁེ་ལས 12དང་མི་སྒེར་བྱ་འགུལ་དུ་ཞུགས། བྱ་འགུལ་འདི་བརྒྱུད་དེ་ཐེན་ཅིན་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ཐེ་བོར་ཤེས་རྟོགས་དང་རྒྱུས་ལོན། དགའ་ཞེན་སྐྱེས་སུ་བཅུག།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།