ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཧུང་ཀྲུང་དང་ཧྲི་ཀྲང་ཝང་ཏུང་ཧྥུན་གྱིས་ཀན་ལྷོ་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཧུང་ཀྲུང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཝང་ཏུང་ཧྥུན་སོགས་ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་བྱས་པ་དང་། འཐུས་ཚབ་ཀྱི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཀན་ལྷོའི་ཏང་སྲིད་འཐུས་མི་ཚོགས་པ་ཐོན་པར་དགའ་བསུ་བྱས་ཤིང་། ཐེན་ཅིན་དང་ཀན་ལྷོའི་ཁ་གཏད་རོགས་སྐྱོར་བྱ་བ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ། ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་དགོས་ཞེས་ནན་གྱིས་བསྟན།

ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་ཁྱེར་ཏང་ཨུའི་དྲུང་ཡིག་ཆེན་མོ་ལི་དབྱི་དང་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཧྲུའུ་ཆི། གྲོང་ཁྱེར་ཐད་གཏོགས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་དང་གཞུང་སྒྲུབ་ཁང་གི་འགན་ཁུར་བ་དང་། ཀན་ལྷོ་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་འགོ་ཁྲིད་པ་ཧྥན་ཝུའུ་ཏེ་དང་དབྱང་ཝུའུ། སུང་ཡིའུ་ཧའོ། དབྱང་ཀྲི་ཚའེ། རིན་ཆེན་དོན་གྲུབ། དབྱང་ཞའོ་ནན། ཐེན་ཅིན་གྱིས་ཀན་ལྷོར་རོགས་སྐྱོར་བྱེད་པའི་སྡེ་ཁག་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཞུགས་མོལ་གྲོས་ཚོགས་སུ་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཀན་ལྷོའི་ཏང་སྲིད་འཐུས་མི་ཚོགས་པ་ཐེན་ཅིན་གྱི་ཆུས་དང་སྲང་ལམ་སོ་སོར་སོང་ནས་ཁ་གཏད་རོགས་སྐྱོར་བྱ་བའི་སྒྲུབ་ཚུལ་དང་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཁྱོན་ཆེན་གྱི་གཏན་འཇགས་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ཡར་ཞུ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།