ཀྲུང་གོ་བོད་ཀྱི་དྲ་བ།

《ཟླ་ཟེར》དུས་དེབ་རྒྱལ་ཡོངས་ན་ཆུང་དགའ་བའི་ཕུལ་བྱུང་དུས་དེབ་སྣ་བརྒྱའི་གྲས་སུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

17.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱི་དཔེ་ཀློག་བྱ་བར་སྐུལ་འདེད་དང་ན་ཆུང་ཚོས་ཕུལ་བྱུང་དུས་དེབ་དང་ཚགས་པར་ཀློག་པར་སྣེ་ཁྲིད་བྱེད་ཆེད། ཉེ་ཆར་རྒྱལ་ཁབ་གསར་   འགྱུར་པར་སྐྲུན་རྒྱང་བསྒྲགས་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་༢༠༡༧ལོའི་ན་ཆུང་དགའ་བའི་ཕུལ་བྱུང་དུས་དེབ་དང་ཚགས་པར་བརྒྱ་མཚམས་སྦྱོར་དང་འདེམས་ཐོན་གྱི་བྱ་འགུལ་སྤེལ། སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ནས་མཚམས་སྦྱོར་ཞུས་པའི་ཡིག་རིགས་སྣ་ཚོགས་ཀྱི་དུས་དེབ་དང་  ཚགས་པར་ཁག་ལ་ཐོབ་ཐང་ཞིབ་བཤེར་དང་རྩོམ་སྒྲིག་དང་ཞུ་དག་གི་སྤུས་ཚད་ལ་ཞིབ་དཔྱོད་ནན་ཏན་བྱས་ཏེ། ཆེད་ལས་མཁས་པའི་དཔྱད་བསྡུར་ཚོ་ཆུང་རྩ་འཛུགས་བྱས་ནས། ན་ཆུང་རྣམས་ལ་མཚམས་སྦྱོར་ཞུས་པའི་རྒྱལ་ཡོངས་ཀྱི་དུས་དེབ་དང་ཚགས་པར་བརྒྱ་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས། དེའི་ནང་དུ་རང་ཁུལ་གྱི《ཟླ་ཟེར》དུས་དེབ་ཚུད་ཅིང་གཟི་བརྗིད་དཔང་ཡིག་སྤྲད་ལ། དེ་ནི་ཐེངས་འདིར་བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་བོད་ཡིག་གི་དུས་དེབ་གཅིག་པུ་ཡིན།

《ཟླ་ཟེར》དུས་དེབ་ནི་ཀན་སུའུ་ཞིང་ཆེན་རྩོམ་པ་བོའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་མཉམ་དུ་བསྒྲུབས་པའི་རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱེད་པའི་བོད་ཡིག་གི་ཞིང་ཆེན་རིམ་པའི་རྩོམ་རིག་དུས་དེབ་གཅིག་པུ་ཡིན་ལ། ༡༩༨༢ལོར་གསར་དུ་བཏོན་པ་དང་། ད་བར་དེབ་གྲངས་༡༣༢ཕུད། ལོ་འདི་དག་གི་རིང་《ཟླ་ཟེར》དུས་དེབ་ཀྱིས་ཀན་ལྷོ་རུ་གཞི་བཙུགས་ཏེ་བོད་བྱིངས་ལ་ཁ་ཕྱོགས་ནས་ཕུལ་བྱུང་རྩོམ་པ་བོ་གང་མང་ཞིག་སྐྱེད་ སྲིང་བྱས་ཤིང་། བོད་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་  གོང་འཕེལ་གྱི་ཐད་དུ་བྱས་རྗེས་མི་དམན་པ་བཞག་པ་མ་ཟད། དུས་ནམ་ཀུན་ཏུ་  མེས་རྒྱལ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ།  བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཐད་ནུས་པ་གལ་ཆེན་བཏོན་ཡོད།།(ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས། ཆས་པ་རྟ་མགྲིན་ཚེ་རིང་།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།