ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་སུ་རྣམ་གྲངས17ལ་གན་རྒྱ་བཞག་སྟེ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར14.68བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121332390_15002787176451n.jpg

ཟླ7པའི་ཚེས17ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་གོའི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན་གྱི་ཕྱི་དྲོ། སྐབས་བཅོ་བརྒྱད་པའི་ཀྲུང་གོའི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྤེལ་བའི་གོ་སྐབས་དང་བསྟུན་ནས། རིག་གནས་ཀྱི་སྟེགས་བུ་བསྐྲུན་ཏེ་དཔལ་འབྱོར་གྱི་བསྟོད་གླུ་ལེན་པ་དམིགས་ཡུལ་དུ་བཟུང་ནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས2017ལོའི་ཁུལ་ཡོངས་ཀྱི་སྐོར་གཉིས་པའི་ཚོང་འགུག་དངུལ་འདྲེན་རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་ཏེ། བསྡོམས་པས་རྣམ་གྲངས17ལ་གན་རྒྱ་བཞག་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར14.68བཏང་། 

དེའི་ཁྲོད། གཙོས་གྲོང་ཁྱེར་གྱིས་རྣམ་གྲངས5ལ་གན་རྒྱ་བཞག་སྟེ་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར8.01ལ་སླེབས་པ་དང་། ཚོང་ལས་ཕྱོགས་བསྡུསགསར་སྤེལ་འཛུགས་སྐྲུན་རྣམ་གྲངས་སོགས་འདུས། ཐེངས་འདིའི་གན་རྒྱ་བཞག་པའི་རྣམ་གྲངས་ལ་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་དང་། ཚོང་ལས་ཐོག་ཁང་དང་དམངས་སྡོད་ཐོག་ཁང་གསར་སྤེལ། ཐོན་ལས་གསོ་སྤེལ་རྣམ་གྲངས་སོགས་ཡོད། ཐེངས་འདིའི་མཛད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ཀན་ལྷོ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་བྱེད་ནུས་མཐོར་འདེགས་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཆེད་ཡིན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།