ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་སྐབས་དྲུག་པ་སྤེལ་འགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121440970_15020683521771n.jpg

འདི་ནི་ཟླ8པའི་ཚེས6ཉིན་བོད་རིགས་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན་སྐབས་དྲུག་པའི་ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་ཚོགས་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ནས་སྤེལ་མགོ་བརྩམས་ཤིང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས། སི་ཁྲོན་དང་ཡུན་ནན་བཅས་ཀྱི་བོད་ཁུལ་ནས་ཡོང་བའི་རུ་ཁག27གི་ཞབས་བྲོ་བ1600ལྷག་དང་ས་གནས་དེ་གའི་མང་ཚོགས། དེ་མིན་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བཅས་ཀྱིས་མཉམ་དུ་གླུ་གར་ལ་རོལ་བཞིན་སང་ལོ་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ་ནས། བོད་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་འགྲེན་སྟོན་དང་དར་སྤེལ་བྱས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྐོར་བྲོ་འགྲན་ཚོགས་ཟླ8པའི་ཚེས10ཉིན་བར་དུ་རྒྱུན་བསྐྱང་རྒྱུ་ཡིན་ཞིང་། སྐབས་དེར་རླངས་འཁོར་བསྐོར་བསྐྱོད་དང་མེ་ཕུང་དགོང་ཚོགས། རྩྭ་ཐང་དུ་སྒར་ས་རྒྱག་པའི་བྱ་འགུལ་སོགས་སྤེལ་རྒྱུ་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་དང་ས་གནས་དེའི་རོང་འབྲོག་མང་ཚོགས་མི15ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་རྩིས་ཡོད།    །

1121440970_15020683522631n.jpg

འདི་ནི་ཟླ8པའི་ཚེས6ཉིན་བོད་རིགས་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

1121440970_15020683523521n.jpg

འདི་ནི་ཟླ8པའི་ཚེས6ཉིན་སྐབས་དྲུག་པའི་ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་ཚོགས་སྟེང་གི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

1121440970_15020683524291n.jpg

འདི་ནི་ཟླ8པའི་ཚེས6ཉིན་སྐབས་དྲུག་པའི་ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་ཚོགས་སྟེང་གི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།