ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གི་ཚོང་འགུག་མ་འདྲེན་གྱི་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་པ།

    སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་ཚོང་འགུག་ཅུས་ཀྱིས་རྫོང་ཡོངས་ཀྱི་ཚོང་འགུག་མ་འདྲེན་གྱི་ལས་གཞིར་ལྟ་སྐུལ་ཞིབ་བཤེར་བྱས།

ལིན་ཐང་རྫོང་གིས་མཐུད་འཛུགས་བྱ་དགོས་པའི་ལས་གཞི་བསྡོམས་པས7ཡོད་ལ། མིག་སྔར། ལྷོ་ཕྱོགས་སྲང་ལམ་ཆེན་པོ་ནས་བྱང་ཁུལ་བར་གྱི་གསར་སྤེལ་འཛུགས་སྐྲུན་ལས་གཞི་དེ་ཡུལ་གཞན་དུ་གནས་སྤོར་དགོས་པས་ལས་གཞི་འགོ་བརྩམ་མ་ཐུབ་པ་མ་གཏོགས། ལིན་ཐན་རྫོང་གི་ཤར་ཕྱོགས་སྤྱིལ་ཁྱིམ་ས་ཁུལ་བསྒྱུར་བཀོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི། འགོ་ནང་ཐང་གི་འགྲུལ་སྐྱེལ་དང་ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་ཀྱི་འཛུགས་སྐྲུན་སོགས་ལས་གཞི6གི་འཕེལ་ཚུལ་བདེ་བླག་ཡིན།

ད་རག་བར་དུ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལ་ཟླ་འདིར་མ་དངུལ་སྒོར་ཁྲི2580དམིགས་སར་འབྱོར་ཞིང་།ལོ་འདིའི་ནང་དུ་མ་དངུལ་སྒོར་ཁྲི10680དམིགས་སར་འབྱོར། ལས་གཞི་ཡི་འཕེལ་ཚད་ཀྱང་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། སྔོན་དཔག་ལྟར་ན་ཁུལ་ཐོག་ནས་མར་བསྒྲགས་པའི་མ་དངུལ་གཏོང་བའི་འོས་འགན་དེ་ལོའི་ནང་དུ་ལེགས་འགྲུབ་འབྱུང་སྲིད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།