ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་ས་ཁྲལ་ཅུའུ་ཡི་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱས་པའི་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་ཐོག་མ་མཛོད་དུ་བཅུག་པ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ས་ཁྲལ་ཅུའུ་ཡི་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱས་པའི་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་ཐོག་མ་མཛོད་དུ་བཅུག་པ་དང་། ཁྲལ་འབབ་སྒོར་ཁྲི7.92ལ་བསླེབས། ལོ་མང་བོར་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱེད་པའི་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་གྱི་ཁྲལ་བསྡུའི་དོ་དམ་བྱ་བའི་དཀའ་གནད་དེ་གཏོར་ནས། རྗེས་ཕྱོགས་ཀྱི་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱེད་པའི་སྒེར་གྱི་ཡོང་འབབ་དཔྱ་ཁྲལ་གྱི་ཁྲལ་བསྡུའི་དོ་དམ་བྱ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་ཁྲལ་བཅོས་དང་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པར་ཉམས་མྱོང་རྩ་ཆེན་གསོག་པ་ཡིན།

    2017ལོའི་ཟླ7པར། གཙོས་གྲོང་ཁྱེར་གྱི་ཀུང་སི་ཞིག་གིས་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱས་པས། ཁྲལ་དོན་ལས་ཁུངས་ཀྱི་བྱ་བྱེད་མི་སྣས་ཀུང་སིའི་ཆ་འཕྲིན་རྒྱུས་ལོན་བྱས་རྗེས། དུས་ཐོག་ཏུ་རྗེས་དེད་ནས་ཞབས་ཞུ་བྱེད་པའི་བྱ་ཐབས་གསུམ་གྱིས་རྐང་དངུལ་དབང་ཆ་བཤུག་སྤྲོད་བྱེད་པའི་ཁྲལ་འབབ་དུས་ཐོག་ཏུ་མཛོད་དུ་འཇུག་པར་ཁག་ཐེག་བྱས། གཅིག་ནི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་པ། ད་ལོ་ནས་བཟུང་། གཙོས་གྲོང་ཁྱེར་གྱི་ས་ཁྲལ་ཅུས་དང་བཟོ་ཚོང་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་མཉམ་ལས་གཏིང་ཟབ་དང་ཆ་འཕྲིན་བརྗེ་རེས་བྱས་པས། ཀུང་སི་དེས་རྐང་དངུལ་བཤུག་སྤྲོད་བྱེད་བཞིན་པ་ཤེས་རྟོགས་བྱུང་རྗེས། བཟོ་ཚོང་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་དུས་ཐོག་ཏུ་ཁྲལ་དོན་ལས་ཁུངས་ལ་གནས་ཚུལ་ཞུས་པ། གཉིས་ནི་དུས་ཐོག་ཏུ་རྗེས་དེད་ནད་དོ་དམ་དང་། ཧུར་ཐག་གིས་ཁྲལ་དངུལ་འཇལ་མཁན་དང་འབྲེལ་གཏུག་བྱེད་པ། གཙོས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ཁྲལ་དོན་མི་སྣས་ཧུར་ཐག་གིས་ཁྲལ་འཇལ་མཁན་དང་འབྲེལ་གཏུག་བྱས་ཏེ། གན་རྒྱའི་གནད་འགག་དོན་ཚན་གསལ་སྒྲོག་བྱས་ཤིང་། ཁྲལ་དངུལ་དཔག་རྩིས་བྱེད་པར་མཛུབ་སྟོན་བྱས། གསུམ་ནི་གཏོང་སྤྲོད་ཆ་འཕྲིན་གྱི་རྗེས་དེད་ནས་ཁྲལ་འབབ་དུས་ལྟར་མཛོད་འཇུག་བྱས་པ། ཆེད་མི་མངགས་གཏོང་བྱས་ཏེ་བརྒྱུད་རིམ་ཧྲིལ་བོར་རྗེས་དེད་ནས་ཞབས་ཞུ་ཞུས་པ་དང་། ཁེ་ལས་ལ་ཁྲལ་འཇལ་ཐོ་འགོད་བྱེད་རོགས་བྱས་ནས། རེ་ཞུའི་ཡི་གེ་སྤྲད་དེ་ཁྲལ་དངུལ་དུས་ལྟར་ཚད་འདང་ངེས་ཀྱིས་མཛོད་འཇུག་བྱེད་པར་འགན་ལེན་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།