ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་གཙོས་གྲོང་ཁྱེར་དུ་ཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་གཙོས་གྲོང་ཁྱེར་དུ་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཙི་ཞིན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཤིས་ཚིག་ཕུལ།    

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀའོ་ཁྲོན་ཝང་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཕིན་ཧུང་ཅ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཡོན་ལུང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་དམངས་ཨུའི་ཀྲུའུ་རེན་མ་ཧུའུ་ཁྲིན། ཞིང་ཆེན་དམངས་ཨུའི་ཀྲུའུ་རེན་གཞོན་པ་ཆིན་ཡའོ་བཅས་གྲོས་ཚོགས་སུ་ཞུགས།    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་བཅས་གྲོས་ཚོགས་སུ་ཞུགས།    

མ་ཐིང་ལི་ཡིས་བསྟན་དོན། ཀན་སུའུ་ཞིང་ཆེན་ནི་མི་རིགས་མང་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་ལེགས་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བར་མཐོང་ཆེན་བྱ་དགོས་པ་དང་མི་རིགས་བྱ་བའི་འཐབ་ཕྱོགས་དང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱ་དགོས་ཤིང་། “ཐུན་མོང་གཉིས”ཀྱི་བརྗོད་དོན་ཁོང་དུ་ཆུད་པར་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རང་རེའི་ཞིང་ཆེན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་རྟགས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་བྱ་བར་ཤུགས་སྣོན་དང“ཐུན་མོང་གཉིས”ཟབ་སྤེལ་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་བསམ་འཆར་གཏན་འབེབས་བྱ་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སྐུལ་འདེད་ཀྱི་འཆར་འགོད་དང་རྩ་གནད་འདོན་དགོས།    

གྲོས་ཚོགས་སུ་ཡིག་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཀྱི་ཡུལ་དངོས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཀན་ལྷོ་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་མིང་བཏགས་པའི་གཏན་འབེབས་སྒྲོག་འདོན་བྱས་པ་མ་ཟད་མིང་བྱང་སྤྲད་ཅིང་། རྒྱལ་ཁབ་དམངས་ཨུས་སྐབས་བཞི་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་གྱི་དཔེ་སྟོན་སྡེ་ཚན་ལ་མིང་བཏགས་པའི་སྐོར་གྱི་གཏན་འབེབས་སྒྲོག་འདོན་བྱས་པ་མ་ཟད་མིང་བྱང་སྤྲད། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཚན་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁྱིམ་ཚང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་གཞི་སར་མིང་བཏགས་པའི་སྐོར་གྱི་གཏན་འབེབས་སྒྲོག་འདོན་བྱས།    ཚོགས་ཐོག་ཏུ། ཀན་ལྷོ་ཁུལ་དང་ལིན་ཞ་ཁུལ། ཅིའུ་ཆོན་གྲོང་ཁྱེར། ལུང་ནན་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།