ཀྲུང་གོ་བོད་ཀྱི་དྲ་བ།

མ་ཧྲི་ཀྲུང་ཀན་ལྷོ་ཁུལ་དུ་ཡོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་གཏན་འཇགས་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་མ་ཧྲི་ཀྲུང་གིས་ཞིང་ཆེན་སྲིད་ཁྲིམས་ཨུའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཀན་ལྷོ་ཁུལ་དུ་ཡོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་གཏན་འཇགས་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་ལོག་ཆོས་འགོག་ཟོན་ཐག་གཅོད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཅིན་ཞང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་སུང་ཀྲན་ཝུན། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

མ་ཧྲི་ཀྲུང་འཁོར་དང་བཅས་པ་སྔ་གཞུག་ཏུ་གཙོས་དང་ལིན་ཐན། རྨ་ཆུ། ཀླུ་ཆུ། བསང་ཆུ་བཅས་སུ་སོང་ནས། ཀན་ལྷོ་ཁུལ་གྱི་སྤྱི་བདེ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་གཏན་འཇགས་སྲུང་སྐྱོང་དང“དྲ་མིག་ཅན+ཁྱིམ་བཅུའི་མཉམ་འབྲེལ་འགོག་ཟོན”སོགས་ཀྱི་བྱ་བར་རྟོག་ཞིབ་ཟབ་མོ་བྱས། ཁུལ་དང་རྫོང་གི་འགོ་ཁྲིད་པ་ དང་སྤྱི་བདེ་ཉེན་རྟོག་པ། རོང་འབྲོག་པ་མང་ཚོགས། གྲྭ་བཙུན། གཞི་རིམ་ལས་བྱེད་པ་དང་མཛའ་བརྩེ་ངང་གླེང་མོལ་བྱས་ཤིང་། ཁུལ་ཡོངས་ཀྱི་གཏན་འཇགས་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་བྱ་བའི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཀན་ལྷོ་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་གཏན་འཇགས་འགན་སྲུང་བྱ་བར་མཐོང་ཆེན་བྱས་པ་གནས་སུ་ཐོན་པ་དང་བྱེད་ཐབས་ནུས་ལྡན་ཡིན་ལ། བཀོད་སྒྲིག་ཞིབ་ཚགས་བཅས་ཡིན་པས། བྱ་བ་སོ་སོ་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་བསླེབས་ཡོད་པར་བསམས།

མ་ཧྲི་ཀྲུང་གིས་རྟོག་ཞིབ་སྐབས་སུ་དྲག་སྤྲས་ཉེན་རྟོག་བཅའ་སྡོད་དམག་སྦྱོང་གཞི་ས་དང་། གཞི་རིམ་སྤྱི་བདེ་མངག་གཏོང་ཁང་བཅས་ཡུལ་དངོས་སུ་མི་དམངས་ཉེན་རྟོག་པ་དང་འགྲིམ་འགྲུལ་ཉེན་རྟོག་པ། དྲག་སྤྲས་ཉེན་རྟོག་དཔོན་དམག་བཅས་ལ་འཚམས་འདྲི་ཞུས་པ་དང་། མུ་མཐུད་དུ་དཀའ་ངལ་ལ་མ་འཛེམ་པར་དམག་འཐབ་བྱེད་པའི་སྤྱོད་པ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་བདེ་འཇགས་འགན་སྲུང་བྱ་བ་ནན་གྱིས་བསྒྲུབ་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཀན་ལྷོ་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱ་དགོས་པའི་སྐུལ་མ་བཏང་།

མ་ཧྲི་ཀྲུང་གིས་སྔར་ལས་ལྷག་པར“དྲ་མིག་ཅན+ཁྱིམ་བཅུའི་མཉམ་འབྲེལ་འགོག་ཟོན”གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། མགྱོགས་མྱུར་གྱིས་བྱ་བའི་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་བོ་ཕྱོགས་སྡོམ་བྱས་ནས་བསྐྱར་བཟོ་དང་ཁྱབ་གདལ་དུ་གཏོང་བ་རྣམ་པ་ཞིག་ཆགས་དགོས། མི་དམངས་སྤྱི་བདེ་ཉེན་རྟོག་པས་ནན་ཏན་གྱིས་འགན་འཁྲི་ལག་བསྟར་དང་བཀོད་འདོམས་པའི་དབང་གྲགས་མངོན་དགོས་ལ། མི་དམངས་ཀྱི་འཚོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་མི་དམངས་མང་ཚོགས་བདེ་བར་གནས་ཤིང་ལས་ལ་བརྩོན་པར་འགན་སྲུང་བྱ་དགོས་པ་དང་། ཏན་ཏིག་གིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་དོ་དམ་ལ་སྐུལ་འདེད་དང་། མི་རིགས་ཆོས་ལུགས་བྱ་བར་མཐོང་ཆེན་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་དར་སྤེལ་གྱི་རྣམ་པ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་དང་གནད་དོན་སེལ་བའི་བྱ་ཐབས་ལག་བསྟར་བྱས་ཏེ་ཁྲིམས་ལྟར་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱ་དགོས་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྲིད་ཁྲིམས་བྱ་བ་ནན་གྱིས་བསྒྲུབ་པ་དང་གཏན་འཇགས་སྲུང་སྐྱོང་གི་བྱ་བ་དེ་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་པ་དང་། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།