ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལས་དོན་ལ་སྐུལ་འདེད་ནན་མོ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གི་རིམ་པ་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་བསམ་བློ་གཅིག་མཐུན་ཡོང་བ་དང་། ཇུས་ཤུགས་མཉམ་འདོན་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་བརྟན་པོའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ་བས་ཐའོ་ཀྲོའུ་ཡི་ཁོར་ཡུག་མཛེས་པའི་བརྒྱུད་རིམ་བདེན་དཔང་བྱས། 

ལིན་ཐན་རྫོང་ཅོག་རོ་ཤང་ར་སྐོར་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཞུའེ་དབྱི་ཡིས་སྔོན་ཆད་གང་སར་གཡུགས་པའི་གད་སྙིགས་ཚང་མ་ད་ལྟ་གད་སྙིགས་གཅིག་བསྡུ་ས་ཚིགས་སུ་བསྡུས་པས་ཁོ་ར་ཁོར་ཡུག་གཙང་མར་གྱུར་ཡོད་ཟེར།

ཁོར་ཡུག་སྒྲིག་བཅོས་བྱས་པའི་ཕན་འབྲས་སྲ་བརྟན་དུ་གཏོང་ཆེད། ལིན་ཐན་གྱི་རྫོང་རིམ་པའི་ལས་བྱེད་པ38དང་། ཤང་གྲོང16དང་། སྡེ་ཁག་དང་ལས་ཁུངས116གི་འགན་ཁུར་མི་སྣ་གཙོ་བོས་རྫོང་ཨུ་ལ་ཁོར་ཡུག་སྒྲིག་བཅོས་ལས་དོན་གྱི་རང་འགན་རང་འཁུར་དང་། མཉམ་འཛིན་མཉམ་བདག་བྱེད་པའི་ཁས་ལེན་ཡི་གེ་ཕུལ་བ་དང་། ལིན་ཐན་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་དོན་འཁྱོལ་ལོའི་བྱ་བ་ལག་བསྟར་བྱ་ཐབསདངལིན་ཐན་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་ལྟ་སྐུལ་ཞིབ་བཤེར་དཔྱད་བསྡུར་བྱ་ཐབས(ཚོད་ལྟའི་ལག་བསྟར)གཉིས་གཏན་ལ་ཕབ་ནས་འགྲེམ་སྤེལ་བྱས། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་དམིགས་འབེན་འགན་འཁྲིའི་ཡི་གེསོགས་ལ་མིང་རྟགས་བཀོད་དེ། དམིགས་ཚད་ཀྱི་ལས་འགན་ཁ་གསལ་བཟོས་ནས་རྫོང་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་ས་ཁོངས་དབྱེ་མཚམས216ཕྱེས་པ་དང་། ཤང་གྲོང16དེ་དབྱེ་མཚམས736ཕྱེས། དུམ་མཚམས་བགོས་པའི་ལས་ཁུངས་ཀྱི་མིང་ཐོ་གོང་རིམ་ལ་ཡར་ཞུ་ཞུས་ནས་ཞོགས་པའི་ཆུ་ཚོད7ནས་དགོང་མོའི་ཆུ་ཚོད7བར་ས་ཁོངས་ཡོངས་ཀྱི་གཙང་སྦྲ་འགན་ལེན་བྱེད་དུ་བཅུག

གྲོང་ཁུལ་དང་ཤང་གྲོང་། ཚོ་ཆུང་། མཛེས་ལྗོངས་ཁུལ། གཞུང་ལམ་འགྲམ་རྒྱུད། ཆུ་ལམ་ཆུ་ཁོངས་གཙོ་གནད་དུ་བཟུང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱ་རྒྱུ་དང་། “ཅན་ལྔའི”ལས་གཞིར་རྐང་བཙུགས་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་ལྟ་སྐུལ་ཞིབ་བཤེར་དེ་རྫོང་ཡོངས་ཀྱི་ལས་དོན་གྲོས་རིམ་ཉིན་ཐོའི་གལ་ཆེན་དུ་བཞག་ཅིང་། མི་ཚང་མས་ཁོར་ཡུག་སྲུང་སྐྱོང་དང་ཕན་ཚུན་ལྟ་སྐུལ་བྱེད་པའི་ནུས་པ་རྒྱུན་ལྡན་ཅན་དུ་འགྱུར་བ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།