ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཟླ10ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུའི་བཀྲ་ཤིས་གཏམ་བཟང་མངའ་རིས་སུ་ཁྱབ་སྐབས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དགའ་སྤྲོ་དང་སྐུལ་ལྕག་ཐེབས་ཤིང་། ཚང་མས་དེ་བས་སྤྲོ་སེམས་ཆེན་པོ་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་རང་འཁྲིའི་ལས་དོན་ཁག་ཡག་པོ་བསྒྲུབས་པ་དང་སླར་ཡང་གྲུབ་འབྲས་གསར་པ་གཏོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད།

ཉིན་ཤས་བསྟུད་མར་སྤུ་ཧྲེང་རྫོང་བར་ག་ཤང་གི་ཤང་ཀྲང་གཞོན་པ་ཀྲང་ཞའོ་ཅུན་གྲོང་ཚོ་རིམ་པའི་སྐབས་བརྗེའི་འདེམས་བསྐོ་དང་གནད་སྨིན་དབུལ་སྐྱོར་ལས་དོན་སྒྲིག་འཛུཌ་བྱ་རྒྱུར་བྲེལ་བཞིན་འདུག 

མ་གཞི་དཀའ་ལས་ཆེ་ཡང་དཀའ་ངལ་བཟོད་བཞིན“ལས་ཀ་མང་པོ་ཞིག་ཚོགས་ཆེན་བཅུ་དགུ་པ་མ་འཚོག་གོང་དུ་དོན་འཁྱོལ་བྱེད་དགོས་པར་བརྟེན་བྲེལ་བ་ཆེན་པོ་འདུག ཡིན་ནའང་ང་ཚོའི་འབད་བརྩོན་འོག་བར་ག་ཤང་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཐུབ་ན། ལས་ཀ་ག་ཚོད་བྱེད་དགོས་བྱུང་ཡང་གནོང་འགྱོད་མིན་འདུག”ཅེས་བརྗོད་བྱུང་།

མངའ་རིས་ས་ཁུལ་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་བཟང་པོ་ཚེ་རིང་མངའ་རིས་ས་ཁུལ་གྱི“དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཤེས་བྱའི་འགྲན་བསྡུར”སྒྲིག་འཛུགས་ཀྱི་ལས་ལ་བྲེལ་བཞིན་ཁོང་གིས“ཤེས་བྱའི་འགྲན་བསྡུར་ནང་ང་ཚོས་ཆེད་མངགས་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་ནང་དོན་བཅུག་ནས་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པའི་གནས་ཚུལ་ཁྱིམ་ཚང་ཀུན་གྱིས་ཤེས་པ་བྱས་ཡོད”ཅེས་བརྗོད་བྱུང་།

“ཁམས་བཟང་སྡེ་ཁུལ”ནི་མངའ་རིས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་གནས་ཤིག་རེད། ད་ཆ་དུད་ཚང350དེར་སྤོས་ཟིན། ཉིན་ཤས་གོང་རྒན་ཡོལ་ལས་བྱེད་པ་མིག་དམར་ཚེ་རིང་གིས་རང་ཉིད་ཀྱིས་བརྒྱབ་པའི་པར་38འཁྱེར་ནས“ཁམས་བཟང་སྡེ་ཁུལ”དུ་འགྲེམས་སྟོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཕྱག་རྟགས་ཕུལ་བ་རེད། “མང་ཚོགས་ཚོས་པར་དེ་དག་ལ་བལྟས་རྗེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མངའ་རིས་ས་ཁུལ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཚོར་ཐུབ་པ་བྱུང་བ་མ་ཟད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་དེ་བཞིན་འབད་འབུངས་ཡར་བརྩོན་དང་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་སྙིང་སྟོབས་དེ་བས་བརྟན་དུ་འགྲོ་ཐུབ་པ་བྱུང་སོང”ཞེས་བརྗོད་བྱུང་།

མཚོ་ཆེན་རྫོང་ནས“ཁམས་བཟང་སྡེ་ཁུལ”དུ་སྤོས་པའི་ཕུར་བུ་ཚེ་རིང་གིས་པར་དེ་དག་ལ་བལྟས་ནས་མྱོང་ཚོར་ཟབ་མོས“དེ་སྔ་ང་ཚོ་སྦྲ་གུར་ནང་སྡོད་ཀྱི་ཡོད། ད་ཆ་སྡོད་ཁང་ཡག་པོ་དེ་འདྲའི་ནང་སྤོ་ཐུབ་པ་བསམ་པའི་ཡུལ་ལའང་མེད། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།

རྩྭ་མདའ་རྫོང་ཏི་ཡག་ཤང་གི་བཅོ་ལྔ་ལྷ་མོ་ཉིན་ཤས་རྗེས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་ལྟ་བར་འགྲོ་མཁན་རེད་འདུག 2004ལོ་ནས་ད་བར་ཁོང་གིས་བདེ་སྡོད་ལས་གྲྭའི་རྣམ་གྲངས་ནང་སྡོད་ཁང་ཐེངས་གསུམ་སྤོས་པ་དང་དེ་སྔ་ཐོག་སོ་གཅིག་མའི་ཁང་མིག་གཉིས་ནས་ད་ཆ་རྒྱ་ཁྱོན་སྨི་ངོས་གྲུ་200ཡོད་པའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་ནང་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།