ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་སོགས་གྲོང་ཁྱེར་ཁག་གཅིག་ཏུ་འཚོ་བའི་གད་སྙིགས་བཙན་ཐབས་རིགས་དབྱེའི་ཚོད་ལྟ་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱིས་ལན་ཀྲོའུ་གྲོང་ཁྱེར་དང་། ཅ་ཡུས་ཀོན་གྲོང་ཁྱེར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་ཁག་གཅིག་ཏུ་འཚོ་བའི་གད་སྙིགས་བཙན་ཐབས་རིགས་དབྱེ་ཁྱབ་གདལ་སྔོན་ལ་ཚོད་ལྟ་བྱ་རྒྱུ་མ་ཟད། ཚོད་ལྟ་བྱ་ཡུལ་ལ་ངེས་པར་དུ་སྙིགས་གྱུར་གློག་རྫས་དང་སྨན་སྙིགས་སོགས་གནོད་པ་ཡོད་པའི་གད་སྙིགས་དག་བཙན་ཐབས་རིགས་དབྱེའི་གྲས་སུ་འཇུག་རྒྱུའི་བླང་བྱའང་བཏོན་པ་རེད།

ཉེ་ཆར། ཀན་སུའུ་ཞིང་ཆེན་གྱིས《ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་ཡོད་ཅིང་། ཇུས་གཞིའི་ནང་། ཀན་སུའུ་ཞིང་ཆེན་གྱིས་ལན་ཀྲོའུ་གྲོང་ཁྱེར་དང་། ཅ་ཡུས་ཀོན་གྲོང་ཁྱེར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཏིང་ཤིས་གྲོང་ཁྱེར། ཅིའུ་ཆོན་གྲོང་ཁྱེར་སོགས་ཚོད་ལྟའི་གྲོང་ཁྱེར་དུ་བྱས་ནས་དེ་དག་གི་གྲོང་ཁུལ་དུ་སྔོན་ལ་འཚོ་བའི་གད་སྙིགས་བཙན་ཐབས་རིགས་དབྱེ་བྱ་རྒྱུ་ཡིན་པ་དང་། ཚོད་ལྟ་བྱ་ཡུལ་གྱིས་རང་སའི་དོན་དངོས་དང་ཟུང་འབྲེལ་གྱིས2017ལོའི་ལོ་མཇུག་གོང་བྱེད་ཐབས་བཟོ་བ་དང་བཏོན་ནས་གད་སྙིགས་རིགས་དབྱེའི་སྣ་ཁ་དང་། རིགས། འཇོག་ཡུལ། བསྡུ་སྐྱེལ། ཐག་གཅོད་སོགས་ཐད་བླང་བྱ་ཞིབ་ཕྲ་འདོན་དགོས། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་འཚོ་བའི་གད་སྙིགས་བཙན་ཐབས་རིགས་དབྱེ་བྱེད་པའི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཕྱིར་བསྡུ་དང་བེད་སྤྱོད་གཏོང་ཚད35%ཡན་ཟིན་པར་བྱ་རྒྱུ་བཅས་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།