ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་སུའུ་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1516764851547422.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས23ཉིན་ལན་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས། གྲོས་ཚོགས་སྟེང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་འདས་པའི་ལོ་ལྔའི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་མ་ཟད། ད་དུང་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་གཙོ་བོར་བླང་བྱ་གསར་པ་བཏོན། ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ལྔའི་ནང་ཁྱོན་བསྡོམས་གྲོས་གཞི4176 འབྱོར་བ་དང་། དེའི་ཁྲོད་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱས་པར4012ཡོད་དེ། ཐོ་འགོད་བྱེད་ཚད96.1% སླེབས་ཡོད། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།