ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གི་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་དམ་པོར་དམིགས་ནས། ཤུགས་ཆེན་སྒོས་སྣེ་འདྲེན་དང་གསོ་སྐྱོང་བྱས་ནས། ཞིང་བའི་ཆེད་ལས་མཉམ་ལས་ཁང་གོང་འཕེལ་ལ་རོགས་སྐྱོར་བྱས། ཐོན་ཁུངས་ཀྱི་བབ་བཟང་ལ་བརྟེན་ནས་འཇོན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་གོང་འཕེལ་དུ་བཏང་། “མཉམ་ལས་ཁང +ཞིང་ཁྱིམ”“མཉམ་ལས་ཁང +གཞི་ས +ཞིང་ཁྱིམ”སོགས་ཀྱི་རྣམ་པ་སྤྱད་དེ་ཁྱད་ལྡན་ཞིང་ལས་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་དུ་བཏང་ནས། ཀྲུང་བོད་སྨན་རྫས་དང་གསོ་སྤེལ་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་གཞི་ཁྱོན་གོང་དུ་སྤེལ་བས། ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བྱས།

མིག་སྔར་ཐུག་བར་དུ། རྫོང་ཡོངས་སུ་རྫོང་རིམ་པའི་དཔེ་སྟོན་མཉམ་ལས་ཁང99དང་ཁུལ་རིམ་པའི་མཉམ་ལས་ཁང18དང་ཞིང་ཆེན་རིམ་པའི་མཉམ་ལས་ཁང10རྒྱལ་ཁབ་རིམ་པའི་མཉམ་ལས་ཁང3བཅས་ཡོད། མཉམ་ལས་ཁང་རིམ་བསགས་ཀྱིས་བརྩིས་ན823ཡོད་པ་དང་གསོ་སྤེལ་དང་འདེབས་འཛུགས་ཁུལ་སྣ་ཚོགས93དང་། ཚད་ལྡན་ཅན་གྱི་འདེབས་འཛུགས་དྲོད་སྤྱིལ་ཁང8639སྟེ་སྨི་གྲུ་བཞི་མ་ཁྲི69འཛུགས་གྲུབ་བྱུང་ཡོད། སྐམས་ལུག་ཚོ་གསོ་ཁྱིམ་ཚང7600ཡོད། ལོ་རེར་སྐམས་བཤས་ཁུངས་སུ་བཏང་ཚད་ཁྲི3.6དང་ལུག་བཤས་ཁུངས་སུ་བཏང་ཚད་ཁྲི8.2ཡོད་ལ། ལོ་རེར་ཁྱིམ་ཚང་རེའི་སྐམས་ལུག་ཚོ་གསོ་བྱས་པའི་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི1.6ལྷག་ལ་བསླེབས། །  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།