ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2018-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1516850747944140.jpg

ལིན་ཙིས་ཚོགས་ཆེན་གྱི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཐང་རེན་ཅན་གྱིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ།

1516850747875043.jpg

ལིན་ཙིས་ཚོགས་ཆེན་གྱི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

1516850747721808.jpg

ཐང་རེན་ཅན་གྱིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཀན་སུའུ་ཟློས་གར་ཁང་དུ་གཟབ་རྒྱས་ངང་མགོ་བརྩམས། གྲོས་ཚོགས་སྟེང་འཐུས་མི509ཞུགས་དགོས་ཤིང་། དངོས་སུ་འབྱོར་ཡོད་པའི་འཐུས་མི494ཡོད་ལ། གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིན་ཙི་དང་། ཐང་རེན་ཅན། ཧྥུན་ཅན་ཧྲིན། ཨོ་དབྱང་ཅན། སུན་ཝེ། ལི་ཡོན་ཕིང་། ལུའོ་ཞའོ་ཧུའུ།  འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། སུན་ཞའོ་ཏུང་། ལི་ཅན་ཧྭ། ཀྲོའུ་ཏོ་མིང་། ཝང་ཞི་ཡུས། ལི་ཧུའེ། མཱ་ཆིན་ལིན། ཁྲེན་ཁོ་ཀོང་། ཝུའུ་མིང་མིང་། ཡུས་ཁྲེན་ཧུའེ། ཀྲང་ཅན་ཁྲང་་བཅས་ཀྱི་ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་ཁུར།

ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུང་ཀྲའོ་ལུང་དང་། ལི་རུང་ཚན། མཱ་ཡན་ལི། ལིའུ་ཁྲང་ལིན། མཱ་ཧྲི་ཀྲུང་། ཧོང་ཆིང་། སུང་ལིང་། ཁྲེན་ཆིན། ཝང་ཅ་དབྱི། ཕུའུ་ཡུང་ནེང་། ཕེན་ཅི་ཧུའེ། ཀའོ་པུའུ་མིང་། ཡན་ཁྲིན་ཧྭ་སོགས་བསྡོམས་པས་མི60ཀྲུའུ་ཞིའི་སྟེགས་བུར་ཞུགས་ཡོད་ཅིང་།

དབྱང་ཙི་ཞིན་དང་། ལི་པིན། ཀྲང་ཧྲི་ཀྲིན། ལིང་མིང་ཡོན། ཝང་ཧྥུའུ་ཐུང་སོགས་ཀྲུའུ་ཞིའི་སྟེགས་བུར་ཞུགས་ཡོད།  གྲོས་ཚོགས་ཀྱིས་ཀྲུའུ་ཀྲི་ལིང་དང་། ཚུའེ་ཡུས་ཆིན། ཀྲང་ཁའེ་ཞུན། ཧུ་ཡོན། ཧོང་ཞོན་ཕིང་། ལི་ཕེ་ཝུན། མཱ་ཝུན་ཡོན། ལི་ཀྲིན་ཡ། ལིའུ་ལི་ཅུན། ཀྲང་ཅིན་ལིང་། ཀྲང་ཅིང་ཧུའེ། ཀྲང་ཅན་ཧྲིན། ཧོ་ཝེ་ཏུང་། ཧོ་ཅོན། ཝང་ཝུན་ཆིན། ཝེ་ཧྥུན་ཐུང་། ཡོན་ཀྲེན་ཐིན་སོགས་གདན་ཞུ་བྱས་ཏེ་ཀྲུའུ་ཞིའི་སྟེགས་བུར་ཞུགས་ཡོད།

སྔ་དྲོའི་དུས་ཚོད9སྟེང་། ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་གཟབ་རྒྱས་ངང་མགོ་བརྩམས།

ཧྲིན་ཀྲང་ཐང་རེན་ཅན་གཏམ་བཤད་སྟེགས་བུར་སོང་སྟེ། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུ་ཁག་བཞིར་དབྱེ་ཡོད་སྟེ། 2017ལོ་དང་སྐབས་འདིའི་སྲིད་གཞུང་གི་ལས་དོན་ཕྱིར་དྲན་བྱེད་པ། སླད་ཕྱིན་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན། 2018ལོའི་གཙོ་གནད་ལས་དོན།  སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དེའོ།.

ཚོགས་འདུའི་གྲོས་རིམ་ལྟར་ན། ཚོགས་ཆེན་ཐོག་ཀན་སུའུ་ཞིང་ཆེན་གྱི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་།  2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2018ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱས་པ།  ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀན་སུའུ་ཞིང་ཆེན་ཨུ་ལྷན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེའི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ།  ཨུ་ཡོན་འདེམས་མི་བཅས་ཀྱི་བརྡས་ཐག་གཅོད་ཐབས་གྲོས་འཆམ་བྱུང་། ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་མིང་ཐོ་བཅས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།