ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཡོན་ཕིང་གིས་ཀན་ལྷོ་ཁུལ་དུ་དྲོད་སྐྱིད་བསྐྱལ་བའི་འཚམས་འདྲིའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་ཡོན་ཕིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཚམས་འདྲིའི་ཚོ་ཆུང་ཁྲིད་དེ་གཙོས་གྲོང་ཁྱེར་གྱི་དཀའ་ཁག་ཡོད་པའི་ཁེ་ལས་དང་ལས་བཟོ་བ། རི་འགོག་དམག་འཁྲུག་གི་དམག་མི་རྒན་པ། ཁུལ་རིམ་པའི་དཔལ་ཡོན་ཁྱིམ་ཚང་། རོང་འབྲོག་སྡེ་བའི་ཏང་ཡོན་རྒན་པ། དབུལ་ཕོངས་ཁྱིམ་ཚང་དག་ལ་འཚམས་འདྲིའི་དངུལ་བསྐྱལ་ཞིང་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས། 

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་། གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་བཅས་ཀྱིས་འགྲོ་རོགས་བྱས། 

ལི་ཡོན་ཕིང་འཁོར་དང་བཅས་པ་ཁུལ་རླངས་འཁོར་སྐྱེལ་འདྲེན་ཀུང་སི་རུ་སོང་ནས་ས་ཚིགས་ནང་ལོགས་ཀྱི་ཕྱིར་འབུད་ནང་ཡོང་གི་ཞིབ་བཤེར་གནས་ལ་བལྟ་ཞིབ་དང་འགྲུལ་བ་རྣམས་ལ་གླེང་མོལ། རླངས་འཁོར་ས་ཚིགས་ཀྱི་ལས་བྱེད་མི་སྣར་ཞབས་ཞུའི་གནས་ཚུལ་འདྲི་བ་བཅས་བྱས་ལ། རླངས་འཁོར་ས་ཚིགས་ཀྱི་ལས་བྱེད་པའི་དཔལ་ཡོན་སྤུས་ལེགས་ཀྱི་ཞབས་ཞུའི་རྩ་དོན་ལ་ཉན་རྗེས། ལི་ཡོན་ཕིང་གིས་ཁས་ལེན་གང་ལེགས་བྱས། ལི་ཡོན་ཕིང་གིས་རླངས་འཁོར་གྱིས་མགྲོན་པོ་བདེ་འཇགས་ངང་སྐྱེལ་འདྲེན་བྱེད་པའི་ལས་འགན་ལྗིད་མོ་ཐེག་ཡོད། ལྷག་པར་དུ་ལོ་སར་གྱི་སྔ་རྗེས་སུ་འགྲོ་འདུག་དེ་བས་མང་སྟབས་འབྲེལ་ཡོད་སྡེ་ཁག་གིས་སྔོན་ཚུད་ནས་སྐྱེལ་འདྲེན་བྱེད་ཤུགས་བཀོད་སྒྲིག་ལེགས་པོ་བྱས་ཏེ་མང་ཚོགས་བདེ་འཇགས་ངང་ཕྱིར་བསྐྱོད་པར་ཁག་ཐེག་བྱས་ནས་སྤྲོ་སེམས་ཆེན་པོས་ཡུལ་ལ་ལོག་ཏུ་འཇུག་དགོས་ཞེས་བསྟན། 

དེའི་རྗེས་ལི་ཡོན་ཕིང་རི་འགོག་དམག་འཁྲུག་གི་དམག་མི་རྒན་པ་སུང་ཧྥུའུ་ཀྲང་གི་ཁྱིམ་དུ་སོང་ནས། ཁོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད་མཉམ་དུ་ཡོང་བའི་འབྲེལ་ཡོད་འགན་ཁུར་བར་གསར་བརྗེ་རྒན་རབས་པ་ལ་བདག་སྐྱོང་ལེགས་པོ་བྱས་ནས་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱས་ཏེ་ཚེ་མཇུག་སྐྱིད་པོ་ཞིག་ཡོང་བར་བྱ་དགོས་ཞེས་བཤད། 

ལི་ཡོན་ཕིང་གིས་དཀའ་ངལ་ཡོད་པའི་མང་ཚོགས་དང་ལས་བཟོ་བའི་ཐོན་སྐྱེད་འཚོ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོང་གིས་དབུལ་ཕོངས་ཁྱིམ་ཚང་དང་དཀའ་ངལ་ཡོད་པའི་ལས་བཟོ་བ་མ་ཁྲིན་རྨིན་དང་ཀྲའོ་ལིའུ་ཝུའུ། ཐང་སུའུ་ཆིང་བཅས་དབུལ་བོར་གྱུར་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་དབུལ་ཐར་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་མགྱོགས་མྱུར་སྒོས་དབུལ་ཐར་ཕྱུག་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།