ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་ཁུལ”གྱི་མིང་བཏགས་སྒོ་བྱང་སྤྲོད་པའི་མཛད་སྒོ་ཚོགས་ཆེན་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྱི་དཔེ་སྟོན་ཁུལ”གྱི་མིང་བཏགས་སྒོ་བྱང་སྤྲོད་པའི་མཛད་སྒོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཙོས་གྲོང་ཁྱེར་དུ་ཚོགས།

རྒྱལ་ཁབ་དམངས་ཨུའི་ལྟ་རྟོག་ཞིབ་བཤེར་སིའི་འཛུགས་སྐྲུན་བྱ་འགུལ་མཛུབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་སུན་ཧྲུའུ་དབྱི་ཚོགས་ཆེན་དུ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་ཆེན་དུ་ཞུགས་ཤིང་གཏམ་བཤད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་ཆེན་གྱི་གཙོ་འགན་ཁུར། ཁུལ་གྱི་འགོ་ཁྲིད་པ་ཨན་ཅུན་ལུང་དང་ཞུས་ཆང་། བཀྲ་ཤིས་འཚོ། དབྱང་ཝུའུ། དབྱང་ཞུང་། ཚེ་རིང་དོན་གྲུབ། ལིའང་མིང་ཀོང་། ལིའུ་ཡུང་ཀོ ཀྲའོ་སི་པེ། དབྱང་ཞའོ་ནན་བཅས་ཚོགས་ཆེན་དུ་ཞུགས།

 ཚོགས་ཆེན་སྟེང་དུ། སུན་ཧྲུའུ་དབྱི་ཡིས 《རྒྱལ་ཁབ་དམངས་ཨུས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྱི་དཔེ་སྟོན་ཁུལ”གྱི་མིང་བཏགས་པའི་སྐོར་གྱི་ཐག་གཅོད》དང 《རྒྱལ་ཁབ་དམངས་ཨུས་སྐབས་ལྔ་བའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྱི་དཔེ་སྟོན་ས་ཁུལ(སྡེ་ཚན)གྱི་མིང་བཏགས་པའི་སྐོར་གྱི་ཐག་གཅོད》སྒྲོག་འདོན་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མས 《ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད》སྒྲོག་འདོན་བྱས།

ཚོགས་ཐོག་ཏུ། ཞིང་ཆེན་དྲིལ་བསྒྲགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་དམངས་ཨུ་བཅས་གསུམ་པོས “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྱི་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་པའི་ཀན་ལྷོ་ཁུལ་དང “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གྱི་དཔེ་སྟོན་ས་ཁུལ(སྡེ་ཚན)”གྱི་མཚན་སྙན་ཐོབ་པའི་ཅོ་ནེ་རྫོང་དང་འབྲུག་ཆུ་རྫོང་། ཀླུ་ཆུ་རྫོང་ཀ་ཤུལ་སྡེ་བ་བཅས་ལ་སྒོ་བྱང་སྤྲད་ཅིང་། ཀན་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་གནང་།

ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་ཚོགས་ཆེན་ནི་ཞིང་ཆེན་དམངས་ཨུས་ཀན་ལྷོའི་མི་རིགས་བྱ་བར་ཁས་ལེན་གང་ལེགས་དང་། རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བདེ་ཐང་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་འཆམ་མཐུན་ཡར་རྒྱས། མི་དམངས་མང་ཚོགས་བདེ་འགོད་ལས་བརྩོན་བཅས་ཀྱི་མཚོན་བྱེད་དངོས་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བཞག་འཕེལ་རྒྱས་ཀྱི་ཕུགས་འདུན་བཟང་བོ་ཡང་ཡིན། ང་ཚོས་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་ཁྲིམས་ལྟར་ཁུལ་སྐྱོང་བ་སྐུལ་སྤེལ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས། སྐྱེ་ཁམས་ཀྱི་འདུ་ཤེས་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་འགན་སྲུང་། བསམ་པའི་རིག་གནས་དར་སྤེལ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལིན་ཡུན་གྱིས། རང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་འཛུགས་སྐྲུན་བྱས། འདི་ནི་ཁུལ་ཡོངས་འཕེལ་རྒྱས་ཁྲོད་དགའ་འོས་པའི་བྱ་བ་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་དང་ཞིང་ཆེན་གྱིས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་ཁས་ལེན་དང་གཟེངས་བསྟོད་ཡིན་པ་མ་ཟད། ང་ཚོས་སྔར་ལས་ལྷག་པར་རིགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་གཏན་འཇགས་ལས་རིགས་སྐས་རིམ་གསར་བ་ཞིག་ཏུ་སྙེགས་པར་སྐུལ་འདེད་བྱེད་པའི་སྐུལ་ལྕག་ཡིན་ཞེས་བསྟན། །                                                                                                                     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།