ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ས་ཁྲལ་མ་ལག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོར་སྲུང་དཔྱ་ཁྲལ་བསྡུ་འགོ་བརྩམས་པར་ཁག་ཐེག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁྲལ་མ་ལག་གིས་དུས་རིམ་གོང་མའི་བྱ་བའི་རྨང་གཞིའི་སྟེང་དུ། ཁོར་སྲུང་དཔྱ་ཁྲལ་གྱི་ལྟ་སྐུལ་ཚོད་འཛིན་སྡེ་ཚན་གཙོ་བོར་དམིགས་ནས། བཙོག་འབུད་སྡེ་ཚན་གྱི་གཞི་རྩའི་གནས་ཚུལ་དང་སྦགས་བཙོག་གི་འབྱུང་ཁུངས། སྦགས་བཙོག་འབུད་ཁུང་། ཞིབ་རྩིས་བྱ་ཐབས་སོགས་ཁྲལ་འབྲེལ་ཆ་འཕྲིན་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། བཙོག་འབུད་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་བཙོག་འབུད་དཔྱ་ཁྲལ་ཀྱི་དོ་དམ་བྱེད་ཚུལ་དང་། ཁེ་ལས་ཀྱི་བདེ་སྡུག་སོགས་རྒྱུས་ལོན་ཟབ་མོ་བྱས་ཏེ། ཁོར་སྲུང་དཔྱ་ཁྲལ་བདེ་བླག་ངང་བསྡུ་འགོ་བརྩམས་པར་ཁྲལ་བསྡུ་དོ་དམ་གྱི་རྨང་གཞི་བརྟན་པོ་བཏིང་།

ཟླ3པའི་ཚེས1ཉིན་ཐུག་བར་དུ། དབྱེ་འབྱེད་དང་ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད། ཁུལ་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་འཇལ་མཁན་ཁེ་ལས55གཏན་ཁེལ་བྱས་ཏེ། “ཁྲལ་བསྡུ་དོ་དམ་ཆ་འཕྲིན་མ་ལག”གི་ཁོང་དུ་ཕབ་འཇུག་བྱས་པ་མ་ཟད། རྒྱུན་ལྡན་དོ་དམ་གྱི་ནང་དུ་བཅུག སྔོན་རྩིས་བྱས་ན་ད་ལོའི་ཟླ་བཞི་བར་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་གྱི་ཁྲལ་བསྡུ་ཐོག་མར་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་བ32ཀྱིས་དུས་ལྟར་ཁོར་སྲུང་དཔྱ་ཁྲལ་འཇལ་ཐུབ་བོ། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།