ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་སྐྱེལ་འདྲེན་རིང་ཀན་སུའུ་ཞིང་ཆེན་གྱིས་གནས་སྐོར་བ་མི་ཐེངས་ཁྲི3100ལྷག་སྐྱེལ་འདྲེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིན40རིང་གི2018ལོའི་དཔྱིད་གསར་སྐྱེལ་འདྲེན་བྱ་བ་ཡོངས་སུ་མཇུག་སྒྲིལ་བ་རེད།  གསར་འགོད་པས་ཀན་སུའུ་ཞིང་ཆེན་སྐྱེལ་འདྲེན་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་རིང་ཞིང་ཆེན་ཡོངས་ཀྱིས་ཉིན་རེའི་ཆ་སྙོམས་ཀྱི་འགྲུལ་སྐྱེལ་རླངས་འཁོར13400ལྷག་བཏང་བ་དང་། འགྲུབ་པའི་འདུག་གནས་ཁྲི46.8ཡོད་དེ། ཉིན་རེའི་ཆ་སྙོམས་ཀྱི་འགྲུལ་སྐྱེལ་ལན་ཐེངས27000དང་། ཡུལ་སྐོར་བོགས་གཏོང་རླངས་འཁོར་ཐེངས80 ། ལས་དུས་བསྣན་པའི་རླངས་འཁོར90བཅས་བྱས་ཏེ་ཉིན40རིང་གི་དཔྱིད་གསར་སྐྱེལ་འདྲེན་གྱིས་བསྡོམས་པས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི3130.3ལྷག་ལ་སླེབས་ཤིང་།  ལན་ཀྲོའུ་ནས་ཁྲུང་ཆིང་བར་གྱི་ལྕགས་ལམ་དང་། པའོ་ལན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པའི་རྐྱེན་གྱིས་འགྲུལ་སྐྱེལ་རླངས་འཁོར་གྱི་སྐྱེལ་འདྲེན་བྱེད་ཚད་ན་ནིང་གི་དུས་མཚུངས་ལས4.2%མར་འགྲིབ་བྱུང་བ་རེད།

དཔྱིད་གསར་སྐྱེལ་འདྲེན་གྱི་རིང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་རིགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་དོན་བཀོད་སྒྲིག་ལྟར། “སྟབས་བདེའི་དཔྱིད་གསར་སྐྱེལ་འདྲེན་དང་། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན། བདེ་ཐང་གི་དཔྱིད་གསར་སྐྱེལ་འདྲེན། ཡིད་རྟོན་གྱི་དཔྱིད་གསར་སྐྱེལ་འདྲེན” ཞེས་པའི་བརྗོད་གཞིར་དམིགས་ནས་སྔ་མོ་ནས་ཞིབ་མོའི་སྒྲིག་འཛུགས་བྱས། དཔྱིད་གསར་སྐྱེལ་འདྲེན་གྱི་རིང་། ཞིང་ཆེན་སྐྱེལ་འདྲེན་དོ་དམ་ཅུའུ་ཡིས་དཔྱིད་གསར་སྐྱེལ་འདྲེན་གཞུང་ལས་ཁང་བཙུགས་ནས་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཁག་གི་བརྡ་ཐོ་ཁྱབ་བསྒྲགས་བྱས་ལ།  གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ལས་ཀའི་ཐད་བཏོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།