ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རང་བྱུང་སོལ་རླངས་ལས་གཞིའི་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་བྱུང་སོལ་རླངས་ཡོངས་སུ་ཁེབས་པའི་ལས་གཞི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀན་ལྷོའི་བོད་ཁུལ་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་དམངས་འཚོའི་ལས་གཞི་དང་སྐྱེ་ཁམས་ལས་གཞི་ཞིག་ཡིན། ལས་གཞི་དེ་གཙོས་དང་བསང་ཆུའི་སྦུག་ལམ་རང་བྱུང་སོལ་རླངས་དང་རྫོང་ཁག་དྲུག་གི་གཤེར་འགྱུར་རང་བྱུང་སོལ་རླངས་བཅས་ཁག་གཉིས་སུ་བགོས་ཡོད། མིག་སྔར་ཐུག་བར་དུ། ལས་གཞིའི་མ་དངུལ་ལེགས་གྲུབ་བྱུང་ཡོད།

སྦུག་ལམ་རིང་བོ་འཛུགས་སྐྲུན་བྱེད་པའི་གནས་ཚུལ།  ཀན་ལྷོའི་སྦུག་ལམ2010ལོའི་ཟླ12བ་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། 2015ལོའི་ཟླ5བར་ཡོངས་སུ་ལེགས་གྲུབ་བྱུང་ནས་སྤྱོད་འགོ་བརྩམས། མ་དངུལ་སྒོར་ཁྲི30096.87བཏང་བ་ལེགས་གྲུབ་བྱུང་བས། ཞིབ་དཔྱད་ཆོག་མཆན་ཐོབ་པའི་མ་དངུལ་གྱི94.8%ཟིན། སྦུག་ལམ་ནི་ལིན་ཞ་གྲོང་ཁྱེར་གྱི་ནན་ལུང་གྲོང་རྡལ་ལིན་ཞ་ས་ཚིགས་ནས་འདྲེན་འགོ་བརྩམས་ཤིང་། ནུབ་ལྷོ་ཕྱོགས་སུ་བསང་ཆུའི་ཆུ་རྒྱུད་དང་བདེ་ཐང་ས་ཁུལ་ལ་བརྒྱུད་ནས་སྤྱི་ལེ48འཐེན་རྗེས། གསེར་ཆེན་ཐང་ནས་ཡང་ནུབ་ལྷོ་ཕྱོགས་སུ་རྒྱལ་ལམG213དང་བསང་ཆུའི་ཆུ་རྒྱུད་བརྒྱུད་དེ། སྨིན་གྲོལ་ལུང་དང་མར་ཐང་། འབུམ་ཆུང་ལ་ཁའི་བར་དུ་འཐེན་རྗེས། ཤར་ལྷོའི་ཕྱོགས་སུ་བཀྱོག་ནས་རྒྱལ་ལམG213བརྒྱུད་དེ་ཐང་དཀར་ནང་ཤང་ནས་སྒུག་ར་མདོ་བར་དུ་འཐེན། ཆེས་མཇུག་མཐར་མཐོ་སྒང་དང་དེའུ་འབུར་བརྒྱུད་དེ་གཙོས་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་གཙོས་ས་ཚིགས་སུ་ཐོན། ལམ་བར་དུ་ལིན་ཞ་གྲོང་ཁྱེར་དང་ལིན་ཞ་རྫོང་། བསང་ཆུ་རྫོང་། གཙོས་གྲོང་ཁྱེར་བཅས་ལ་བརྒྱུད་ཅིང་། ལམ་ཐག་ཧྲིལ་བོའི་རིང་ཚད་ཕལ་ཆེར་སྤྱི་ལེ118ཡོད། 

བསང་ཆུའི་སོལ་རླངས་ཀྱི་སྦུག་ལམ་ནི་མ་སྦུག་གི་སྦུག་སྒོ 4བ་ནས་འཐེན་པ་དང་། ནུབ་ཕྱོགས་སུ་ཞིང་ཆེན་གྱི་ལམS312བརྒྱུད་དེ། བསང་ཆུའི་ཆུ་རྒྱུད་ནས་བསང་ཆུ་རྫོང་གི་ཤར་ཕྱོགས་སུ་ཕལ་ཆེར་སྤྱི་ལེ4ཡོད་པའི་བསང་ཆུ་ས་ཚིགས་དུ་འཐེན། ལམ་ཐག་ཧྲིལ་བོའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ31ཡོད། ལམ་ཐག་ཧྲིལ་བོར་ཆུ་བོ་ཆེ་མ་ཆུང་གསུམ(ཐེངས)72བརྒལ་བ་དང་། རྒྱལ་ལམG213ལ(ཐེངས)11དང་ཞིང་ཆེན་རིམ་པའི་གཞུང་ལམ་ལ(ཐེངས)7བརྒལ། 

མིག་སྔར། ཀན་ལྷོའི་སྦུག་ལམ་གྱིས་ཀན་ལྷོ་ས་ཁུལ་དུ་རང་བྱུང་སོལ་རླངས་སྨི་གྲུ་བཞི་ལྷམ་པ་ཁྲི1307.83བཏང་བ་དང་། 2016ལོར་རང་བྱུང་སོལ་རླངས་སྨི་གྲུ་བཞི་ལྷམ་པ་ཁྲི286.64དང་། 2017ལོར་སྨི་གྲུ་བཞི་ལྷམ་པ་ཁྲི637.6བཏང་། 2018ལོ་ནས་མིག་སྔའི་བར་དུ་རང་བྱུང་སོལ་རླངས་སྨི་གྲུ་བཞི་ལྷམ་པ་ཁྲི373.58བཏང་བ་དང་། སྔོན་དཔག་བྱས་ན2018ལོའི་ལོ་ཧྲིལ་བོར་སོལ་རླངས་སྤྱོད་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི100ཡས་མས་སུ་བསླེབ་ངེས་རེད།

གྲོང་ཁྱེར་གྱི་སོལ་རླངས་སྦུག་ལམ་དྲ་བ་འཛུགས་སྐྲུན་བྱས་པའི་གནས་ཚུལ།  ཁུལ་ཡོངས་ཀྱི་སོལ་རླངས་སྦུག་ལམ་དྲ་བའི་སྤྱིའི་རིང་ཚད་སྤྱི་ལེ85.674ཡིན་པ་དང་། མ་དངུལ་སྒོར་ཁྲི6706.71བཏང་། དེའི་ཁྲོད་དུ། གཙོས་གྲོང་ཁྱེར་དུ་མཐོ་གནོན་གློག་སྐུད་སྤྱི་ལེ1.7འཐེན་པར་མ་དངུལ་སྒོར་ཁྲི152བཏང་བ་དང་། འབྲིང་གནོན་གློག་སྐུད་སྤྱི་ལེ20.724འཐེན་པར་མ་དངུལ་སྒོར་ཁྲི2400བཏང་། བསང་ཆུ་རྫོང་དུ་སྦུག་ལམ་སྤྱི་ལེ7.2འཐེན་པར་མ་དངུལ་སྒོར་ཁྲི820བཏང་། ཀླུ་ཆུ་རྫོང་དུ་སྤྱི་ལེ7.9འཐེན་པར་མ་དངུལ་སྒོར་ཁྲི800བཏང་། རྨ་ཆུ་རྫོང་དུ་སྤྱི་ལེ5.9འཐེན་པར་མ་དངུལ་སྒོར་ཁྲི594.7བཏང་། ལིན་ཐན་རྫོང་དུ་སྤྱི་ལེ5.861འཐེན་པར་མ་དངུལ་སྒོར་ཁྲི162.91བཏང་། ཅོ་ནེ་རྫོང་དུ་སྤྱི་ལེ7.92འཐེན་པར་མ་དངུལ་སྒོར་ཁྲི497.43བཏང་། ཐེ་བོ་རྫོང་དུ་སྤྱི་ལེ11འཐེན་པར་མ་དངུལ་སྒོར་ཁྲི960བཏང་། འབྲུག་ཆུ་རྫོང་མཁར་རྙིང་དུ་སྤྱི་ལེ11.57འཐེན་པར་མ་དངུལ་སྒོར་ཁྲི211.7བཏང་བ་དང་། མཁར་གསར་དུ་སྤྱི་ལེ5.9འཐེན་པར་མ་དངུལ་སྒོར་ཁྲི107.97བཏང་།

རང་བྱུང་སོལ་རླངས་ཁྱིམ་ཚང་དུ་ཐོན་པའི་གནས་ཚུལ།  མིག་སྔར་ཐུག་བར་དུ། ཁུལ་ཡོངས་སུ་བསྡོམས་པས་ཁྱིམ་ཚང11278ལ་སོལ་རླངས་འཐེན་ཡོད་པ་དང་། དེ་ཁྲོད་དུ་གཙོས་གྲོང་ཁྱེར་གྱི་སྡོད་དམངས་ཁྱིམ་ཚང2650ཡིས་སོལ་རླངས་སྤྱོད་བཞིན་ཡོད་པ་དང་། ཁྱིམ་ཚང1325ཡིས་སྒྲིག་སྦྱོར་བྱེད་བཞིན་པའི་སྒང་ཡིན། ཁྱིམ་ཚང430ཡིས་འཆར་འགོད་དང་གན་རྒྱ་བཞག་ཡོད། སྡོད་དམངས་མ་ཡིན་པའི་ཁྱིམ་ཚང112ཀྱིས་སོལ་རླངས་སྤྱོད་བཞིན་པ་དང་། སྒྲིག་སྦྱོར་བྱས་ཀྱང་སྤྱོད་འགོ་མ་བརྩམས་པའི་ཁྱིམ་ཚང3ཡོད། ཁྱིམ་ཚང4ཡིས་གན་རྒྱ་འཇོག་བཞིན་པ། ཁྱིམ་ཚང2ཀྱིས་འཆར་འགོད་བྱེད་བཞིན་པ། བསང་ཆུ་རྫོང་དུ་ཁྱིམ་ཚང400དང་ཀླུ་ཆུ་རྫོང་དུ་ཁྱིམ་ཚང263  རྨ་ཆུ་རྫོང་དུ་ཁྱིམ་ཚང310  ལིན་ཐན་རྫོང་དུ་ཁྱིམ་ཚང129  ཅོ་ནེ་རྫོང་དུ་ཐོན་མེད། ཐེ་བོ་རྫོང་དུ་སྡོད་དམངས་ཁྱིམ་ཚང1900དང་བཟོ་ལས50ཡིས་སྤྱོད་བཞིན་ཡོད། འབྲུག་ཆུ་རྫོང་མཁར་རྙིང་གི་ཁྱིམ་ཚང2200ལ་སྒྲིག་སྦྱོར་བྱས་ཡོད་པ་དང་། ཁྱིམ་ཚང1200སྤྱོད་བཞིན་འདུག་ལ་མཁར་གསར་གྱི་ཁྱིམ་ཚང1500ལ་འཐེན་ཡོད། མིག་སྔར་ད་དུང་སྤྱོད་འགོ་མ་བརྩམས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།