ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་སློབ་གསོ་མ་ལག་གིས་སྤྱོད་ངན་ལ་དག་ཐེར་ནན་མོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་སྒྲིག་ཨུའི་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པར་དུ་སློབ་མཐར་ཕྱིན་པའི་དུས་ཚིགས་དང་སློབ་འགོ་ཚུགས་པའི་དུས་ཚིགས་ཀྱི་སྤྱོད་བཟང་དར་སྤེལ་དང་སྒྲིག་སྲུང་གཟབ་ནན་ལ་དམིགས་ནས《གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་མ་ལག་གི་སློབ་གྲྭས“མཆན་འགོད་འཛིན་ཤོག་འབྲི་བ”“ཁ་ཡ་བྱེད་པ”“འབྲེལ་བ་ཡོད་པའི་སློབ་མ”བཅས་སློབ་མས་སློབ་གྲྭ་བདམས་པའི་སྤྱོད་ངན་དག་ཐེར་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། གཏིང་ཟབ་སྒོས་སློབ་གསོ་མ་ལག་གི་སྤྱོད་ངན་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་སྤེལ།

ཉེ་བའི་ལོར། ཁྱིམ་བདག་གིས་སློབ་གྲྭ་འདེམས་པ་དང་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་དེ་སྤྱི་ཚོགས་སྟེང་ཚུར་སྣང་ཆེན་པོ་ཡོད་པའི་གནད་དོན་ཞིག་རེད། 《བརྡ་ཐོའི》བླང་བྱ་ལྟར། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་མ་ལག་གིས་སྤྱོད་ངན་སྒྲིག་བཅོས་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་ལ་ཤུགས་བསྣན་ནས་དུས་ཐོག་ཏུ་སྤྱོད་ངན་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། སྒྲིག་བཅོས་འཆར་གཞི་གཏན་ཁེལ་བྱས་ཤིང་ཕྱོགས་ཡོངས་ནས་སྒྲིག་བཅོས་རང་བཤེར་རྩད་ཞིབ་བྱ་བ་སྤེལ་བ་དང་། སྤྱོད་ངན་སྣ་ཚོགས་འགོ་ཁུངས་ནས་མེད་པར་བྱ་དགོས།

གོམ་སྟབས་རྗེས་མར། གཙོས་གྲོང་ཁྱེར་སྒྲིག་ཨུས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་སྐབས་བསྟུན་ཟུར་བཤེར་དང་མངོན་འདྲི་ལྐོག་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆེད་དོན་སྒྲིག་བཅོས་བྱ་བ་སྤེལ་ཏེ་སློབ་གསོ་མ་ལག་གི“མཆན་འགོད་འཛིན་ཤོག་འབྲི་བ”“ཁ་ཡ་བྱེད་པ”“འབྲེལ་བ་ཡོད་པའི་སློབ་མ”བཅས་ཀྱིས་སློབ་གྲྭ་བདམས་པའི་གནད་དོན་རྩ་བ་ནས་གཏན་འགོག་བྱ་རྒྱུ་ཡིན། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།