ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉེར་བཞི་བའི་ལན་ཀྲོའུ་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཀན་ལྷོ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་མཚམས་སྦྱོར་དང་ཆིངས་ཡིག་འགོད་པའི་ཚོགས་ཆེན་ལན་ཀྲོའུ་རུ་ཚོགས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་ཉེར་བཞི་བའི་ལན་ཀྲོའུ་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཀན་ལྷོ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་མཚམས་སྦྱོར་དང་ཆིངས་ཡིག་འགོད་པའི་ཚོགས་འདུ་ལན་ཀྲོའུ་རུ་བསྡུས།

ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲེན་ཧུའེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྡེ་བ་ཚང་ཚོགས་འདུར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་མཛད་སྒོའི་གཙོ་འགན་ཁུར། ཀྲུང་གོའི་དངུལ་ཁང་ཀན་སུའུ་ཡན་ལག་དངུལ་ཁང་གི་འགོ་གཙོ་ཅན་ཞིན་ཅོན་དང་། ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲུན་ཆང་གཉིས་ཆིངས་ཡིག་འགོད་པའི་མཛད་སྒོའི་སྟེང་ལ་གདན་ཞུ་ཞུས། ཁུལ་གྱི་འགོ་ཁྲིད་པ་དབྱང་ཝུའུ་དང་དབྱང་ཅན་གོ  ལིའུ་ཡུང་ཀོ དབྱང་ཞའོ་ནན་བཅས་ཆིངས་ཡིག་འགོད་པའི་མཛད་སྒོ་ལ་ཞུགས།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ་ཡིས་ཁུལ་ཡོངས་ཀྱི་ཁྱད་ལྡན་བབ་བཟང་ཐོན་ཁུངས་དང་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གལ་ཆེན་མཚམས་སྦྱོར་བྱས།

ཐེངས་འདིའི་ཚོགས་ལས་འདུ་ཀན་ལྷོ་ཁུལ་གྱི་ཚོང་འགུག་དངུལ་འདྲེན་གྱི་གན་རྒྱའི་ལས་གཞི 28ལ་ཆིངས་ཡིག་བཀོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 4078གཏོང་རྒྱུ་དང་། དེའི་ཁྲོད་དུ་མ་དངུལ་སྒོར་དུང་ཕྱུར 10གཏོང་རྒྱུའི་ཐེ་བོ་རྫོང་གི་་བྲག་སྒམ་ནང་གི་ ཡུལ་སྐོར་དང་ལུས་གསོ་གླིང་ག་སོགས་ཕྱོགས་བསྡུས་ལས་གཞི་འཛུགས་སྐྲུན་གྱི་ཆིངས་ཡིག་དེ་ལན་ཀྲོའུ་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡི་ལས་གཞི་གལ་ཆེན་ལ་ཆིངས་ཡིད་འཇོག་པའི་མཛད་སྒོའི་སྟེང་ནས་ཆིངས་ཡིག་བཞག ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་ཀྲུང་གོའི་དངུལ་ཁང་ཀན་སུའུ་ཞིང་ཆེན་ཡན་ལག་དངུལ་ཁང་གིས 《དངུལ་སྲིད་འཐབ་ཇུས་མཉམ་འབྲེལ་ཚུགས་གཞིའི་གྲོས་གཞི》ཞེས་པའི་ཆིངས་ཡིག་ལ་མིང་རྟགས་བཀོད།

ས་གཞན་དུ་ཡོད་པའི་ཀན་སུའུ་ཚོང་ལས་ཁང་། ཞིང་ཆེན་དང་གྲོང་ཁྱེར་ན་ཡོད་པའི་ཀན་སུའུ་ཚོང་ལས་ཁང་དང་ཀན་ལྷོ་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ། རྫོང་བདུན་དང་གྲོང་ཁྱེར་གཅིག་གི་འགོ་གཙོ་སོ་སོ་དང་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་ཚབ་པ་དང་། གསར་འགྱུར་སྨྱན་སྦྱོར་བ་བཅས་མི་200ལྷག་ཆིངས་ཡིག་འགོད་པའི་ཚོགས་འདུ་ལ་ཞུགས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།