ཀྲུང་གོ་བོད་ཀྱི་དྲ་བ།

“ཐོག་མའི་བསམ་འདུན། ཀན་ལྷོའི་འདས་དོན། ”སྨན་བཅོས་ཆེད་མཁས་ཐོ་ཡན་ཤང་གི་དུད་ཚང་དུ་བསྐྱོད་ནས་ནད་པ་མང་ཚོགས་ལ་འཚམས་འདྲི་བྱས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020180710359016197835.jpg

སྨན་བཅོས་ཆེད་མཁས་ཀྱིས་ལུའུ་ཧྥ་མིན་གྱི་ཁྱིམ་དུ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  “ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་སྨན་བཅོས་ཆེད་མཁས་ཁ་ཤས་ཀྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཐོ་ཡན་ཤང་དུ་འོས་འགན་སྨན་བཅོས་བྱེད་རིང་། ནད་པ་དབུལ་པོ་མང་ཚོགས་ཁག་གཅིག་ལ་འཚམས་འདྲི་གནང་སྟེ། ཁོང་ཚོར་འཚོ་བའི་མཁོ་ཆས་དང་སྨན་རྫས་བསྐྱལ་བ་མ་ཟད། ནད་པར་འོས་འགན་སྨན་བཅོས་བྱས།

W020180710358560190639.jpg

ཆེད་ལས་མཁས་ཅན་ཚོས་ལུའུ་ཧྥ་མིན་གྱི་གཤག་བཅོས་ནད་བཅོས་ཟིན་ཐོར་ལྟ་བཞིན་པ།

ཐོ་ཡན་ཤང་ཧྲི་མིན་དགོན་གྲོང་ཚོའི་ལུའུ་ཧྥ་མིན་གྱི་ཁྱིམ་དུ། ཆེད་ལས་མཁས་པ་རྣམས་ཀྱིས་ནན་ཏན་གྱིས་ཁོའི་གཤག་བཅོས་ནད་བཅོས་ཟིན་ཐོ་ལ་ལྟ་ཀློག་བྱས་པ་དང་། ཁོའི་གཤགས་བཅོས་རྗེས་ཀྱི་སླར་གསོ་དང་སྨན་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཆེད་ལས་མཁས་པ་རྣམས་ཀྱིས་ལུའུ་ཧྥ་མིན་གྱིས་སྨན་པའི་མངགས་བཅོལ་ལ་བརྩི་སྲུང་དང་དུས་ལྟར་སྨན་འཐུང་ནས་གང་མགྱོགས་ཀྱིས་བདེ་ཐང་སླར་གསོ་ལ་བརྩོན་ལེན་བྱ་དགོས་པའི་བཅོལ་གདམས་གནང་།

W020180710359016196555.jpg

སྨན་བཅོས་ཆེད་མཁས་པས་དབྱང་ཧྲོའུ་ཚེར་ཞིབ་བཤེར་བྱས།

W020180710359016194648.jpg

སྨན་བཅོས་ཆེད་ལས་མཁས་པས་དབྱང་ཧྲོའུ་ཚེས་འཐུང་བཞིན་པའི་སྨན་ལ་བལྟ་བ།

ཐོ་ཡན་ཤང་སྣ་རི་གྲོང་ཚོའི་དབྱང་ཧྲོའུ་ཚེའི་ཁྱིམ་དུ། ཆེད་ལས་མཁས་ཅན་ཚོས་ཁོའི་གཤགས་བཅོས་རྗེས་ཀྱི་སླར་གསོ་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། སྤྱིར་བཏང་གི་བརྟག་དཔྱད་སྟབས་བདེ་བྱས། རྗེས་མར་སྨན་འཐུང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་དགོས་པའི་གྲོས་འགོ་བཏོན།

བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱི་བཀོད་སྒྲིག་ལྟར།  “ཀྲུང་གོའི་སེམས་པ་མཉམ་གཏོད་”ཀན་ལྷོར་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་སྨན་བཅོས་ཆེད་མཁས་ཁག་ཅིག་གིས་ཅོ་ནེ་རྫོང་ཐོ་ཡོན་ཤང་ལྟེ་བའི་འཕྲོད་བསྟེན་ཁང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་དང་སྨན་སྦྱིན་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།