ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ནགས་ལས་ཅུའུ་ཡིས་རོགས་སྐྱོར་དབུལ་ཕོངས་སྡེ་བར་མཛོ་མོ་འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ཡི་ལས་བགོས་འགོ་ཁྲིད་པས་རོགས་སྐྱོར་ལས་བྱེད་པ་ཁྲིད་དེ་ཀླུ་ཆུ་རྫོང་ཨ་ལ་ཤང་གི་རོགས་སྐྱོར་སྡེ་བར་སོང་ནས་མཛོ་མོ་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ། ཨ་ལ་ཤང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བ་དང་འབོ་ར་སྡེ་བའི་སྡེ་བའི་ལས་བྱེད་པ་དང་རོགས་སྐྱོར་ཐོབ་པའི་མང་ཚོགས་མཛད་སྒོར་ཞུགས།

ཁུལ་ནགས་ལས་ཅུའུ་ཡིས་རོགས་སྐྱོར་སྡེ་བའི་ཐོན་ལས་གོང་འཕེལ་གྱི་བབ་བཟང་ལ་བརྟེན་ནས་ཧུར་བརྩོན་སྒོས་ཁུལ་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་གི་འབོ་ར་སྡེ་བར་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མཛོ་མོ་གསོ་སྤེལ་ལས་གཞིའི་མ་དངུལ་སྒོར་ཁྲི26བརྩོན་ལེན་བྱས་ནས། ཡིག་ཚགས་བསྐྲུན་ཏེ་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང13ལ་མཛོ་མོ47ཉོས་ནས་དབུལ་ཕོངས་ཁྱིམ་ཚང་རེར་མཛོ་མོ5རེ་དང་ཉུང་ནའང་མཛོ་མོ3རེ་ཡོད་པ་དང་། མཛོ་མོ་དག་ལོ་འདིའི་རྩེབས་མ་ཡིན་ལ། ཁྱིམ་ཚང་རེར་ཡོང་སྒོ་སྒོར3000ནས་སྒོར5000ཇེ་མང་དུ་གཏོང་ཐུབ་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་གསོ་སྤེལ་ལས་རིགས་གོང་དུ་འཕེལ་བར་སྐུལ་སྤེལ་ཐོབ་ཐུབ། ཁུལ་ནགས་ལས་ཅུས་ཀྱི་ལས་བགོས་འགོ་ཁྲིད་པས་ཚང་མས་ཐེངས་འདིའི་གོ་སྐབས་བེད་སྤྱོད་ལེགས་པོ་བྱས་ནས་ཧུར་བརྩོན་སྒོས་ཐོན་སྐྱེད་གོང་འཕེལ་དུ་བཏང་ནས་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱ་དགོས་པའི་རེ་བ་བཏོན།

ཐེངས་འདིར་མཛོ་མོ་འགྲེམ་གཏོང་བྱེད་པ་ནི་ཁུལ་ནགས་ལས་ཅུའུ་ཡིས་སྐྱེ་ཁམས་ནགས་སྲུང་མི་སྣ་འདེམ་བསྐོ་དང་། ཀླུ་ཆུ་རྫོང་ཚོ་ཁག་གི་ནགས་ལས་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱས་པ། ནགས་ཚལ་གསོ་སྐྱོང་ལས་གཞི་ལག་བསྟར་བྱས་པ་སོགས་ཀྱི་རྗེས་སུ་ཨ་ལ་ཤང་འབོ་ར་སྡེ་བའི་མང་ཚོགས་ལ་ཡང་བསྐྱར་དམངས་འཚོའི་དོན་དངོས་བསྒྲུབས་ཐེངས་ཤིག་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།