ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉེ་ཆར་སྲིད་ཇུས་བཏོན་ནས། འདི་ལོ་ནས་བཟུང་སྲིད་ཇུས་ཀྱི་བྱེད་ཐབས་ནུས་ལྡན་དང་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ནན་པོར་བརྟེན་ཏེ་སྔར་ལས་ལྷག་པའི་སྒོ་ནས་དམངས་ཁྲོད་མ་འཇོག་གི་ཡིད་ཆེས་ཆེ་རུ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད། 2020ལོར་སླེབས་སྐབས། བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རིན་ཐང་འཕར་མ་དང་། ཁྲལ་འབབ་མཁོ་འདོན། ལས་ཞུགས་ལས་གནས་བཅས་ལོ་རེར་ཆ་སྙོམས15%ཡན་འཕར་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་གྲངས་འབོར2015ལོ་ལས50%ཡན་འཕར་རྒྱུ་ཡིན་ཞེས་གསལ་པོ་བཏོན་ཡོད་པ་རེད།

       བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཉེ་ཆར་བཏོན་པའི《སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ནང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། ཁེ་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ། ཁེ་ལས་ཀྱི་ས་སྤྱོད་དགོས་མཁོ་འགན་ལེན་བྱ་རྒྱུ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་རྒྱུ། ཁེ་ལས་ཀྱི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུ། ཡིད་རྟོན་ལ་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་བྱ་རྒྱུ། ཁྲལ་གྲོན་གྱི་ཁུར་པོ་ལུགས་མཐུན་ངང་ཡང་དུ་གཏོང་རྒྱུ་སོགས་ཐད་བསམ་འཆར་གསལ་པོ་བཏོན་པ་སྟེ། བོད་ཀྱིས“ལག་ཁྱེར་མང་སྒྲིལ་དང་། ཨང་རྟགས་ལོགས་འགོད”དང་། ཁེ་ལས་ཀྱི་མིང་རང་བརྟེན་རེ་ཞུ། བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་སོགས་ཐོ་འགོད་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ལག་ཁྱེར་མང་སྒྲིལ+མཉམ་གཉེར”གྱི་བྱེད་ཐབས་གསར་པ་ལག་བསྟར་བྱེད་པ། གཅིག་འཐུས་རྣམ་པའི་ཞིབ་མཆན་འགོད་པའི་ཕྱོགས་བསྡུས་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རྩ་འཛུགས་འཛུགས་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ། གཞན་ཡང་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་དང་། རིན་མེད་རོགས་སྐྱོར། ལས་སྒོའི་བྱ་དགའ་སོགས་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་ལ་དམིགས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་བྱེད་ནུས་ཁུལ་དང་གླིང་ཁུལ་དུ་མཉམ་འདུས་བྱ་རྒྱུའི་ཡིད་དབང་འགུགས་རྒྱུ་རེད།

   དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་དབར་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱ་རྒྱུ་ཡིན་ཞིང་། སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ནང་ཞུགས་རྒྱུའི་ལྕག་སྐུལ་བྱས་ཏེ་གཞུང་ཁོངས་མ་རྩ་དང་སྤྱི་ཚོགས་མ་རྩར་བརྟེན་ནས་རྐང་དབང་མ་འཇོག་ཐེབས་རྩ་དང་ཐོན་ལས་མ་འཇོག་ཐེབས་རྩ་མཉམ་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། དམངས་ཁྲོད་ཀྱི་མ་རྩར་བརྟེན་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞུང་ཁོངས་ཁེ་ལས་སུ་མ་རྐང་འཇོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གཞུང་ཁོངས་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དབར་རྐང་དབང་མཉམ་འདྲེས་དང་། འཐབ་ཇུས་མཉམ་ལས། ཐོན་ཁུངས་བསྡུ་སྒྲིལ་བཅས་ལ་རྒྱབ་སྐྱོར་བྱས་ནས་དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་བཅས་རེད།

ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ལ་དམིགས་ཏེ། བོད་ལྗོངས་ཀྱིས་ད་ནས་བཟུང་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཤུགས་ཆེར་གཏོང་རྒྱུ་ཡིན་ཞེས་གསལ་སྟོན་བྱས་ཤིང་། དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ལོ་རེར30%ལས་མི་དམའ་བ་བྱ་རྒྱུ་མ་ཟད། དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིར་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་གྱི་ལས་སྒོ་གཉེར་རྒྱུའི་ལྕག་སྐུལ་ཡང་བྱ་རྒྱུ་ཡིན་པ་རེད། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་རིམ་པ་མང་བའི་མ་རྩའི་ཁྲོམ་རར་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། བྱ་དགའ་དང་ཁ་གསབ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཆ་རྐྱེན་དང་མཐུན་པའི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིས་འབྲིང་ཆུང་ཕྲན་གསུམ་གྱི་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ལས་སྒོ་གཉེར་བར་ཁ་གསབ་སྤྲོད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།