ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཡོང་སྒོ་གཏན་འཇགས་ངང་འཕར་བ་རྒྱུན་འཁྱོངས་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀན་ལྷོ་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་གཞི་གྲངས་ལས། 2018ལོའི་ལོ་སྟོད་དུ། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཆ་སྙོམས་ཡོང་སྒོ་སྤྱིའི་ཆ་ནས་གཏན་འཇགས་ངང་འཕར་བ་རྒྱུན་འཁྱོངས་དང་། ཞིང་སྡེའི་སྡོད་མིའི་ཡོང་སྒོའི་འཕར་ཚད་གྲོང་གསེབ་ལས་མཐོ་བ་མ་ཟད། སྡོད་མིའི་འཛད་སྤྱོད་ཀྱང་ཇེ་མགྱོགས་དང་རྣམ་པ་ཇེ་ལེགས་སུ་འགྲོ་བཞིན་འདུག

ལོ་སྟོད་དུ། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་སྡོད་མིའི་ཆ་སྙོམས་ཡོང་སྒོ་སྒོར11480.6དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར878.9དང8.3འཕར། ཡོང་སྒོའི་རྣམ་པར་བལྟས་ན་དོན་ཚན་བཞི་བོའི་ཡོང་སྒོ་ཕྱོགས་ཡོངས་ནས་འཕར། དེའི་ཁྲོད་དུ་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར9180.3དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར772.4དང9.2འཕར། ཉོ་ཚོང་ཡོང་སྒོ་སྒོར1474.7དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར70.4 དང5.0འཕར། ནོར་སྲིད་རང་བཞིན་ལྡན་པའི་ཡོང་སྒོ་སྒོར328.6དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར9.2དང2.9འཕར། བརྒྱུད་སྤོར་གྱི་ཡོང་སྒོ་སྒོར497.0དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར27.9དང5.9འཕར། 

ལོ་སྟོད་དུ། ཀན་ལྷོ་ཁུལ་གྱི་ཞིང་སྡེའི་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ་སྒོར2133.4དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར186.9དང9.6འཕར། གྲུབ་ཚུལ་ལ་བལྟས་ན། ཞིང་སྡེའི་མང་ཚོགས་ཀྱི་ཆ་སྙོམས་ཟླ་ཕོགས་ཀྱི་ཡོང་སྒོ་སྒོར878.8དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར 82.4དང 10.4 འཕར། ཉོ་ཚོང་གི་ཡོང་སྒོ་སྒོར 857.3དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར61.7དང7.8འཕར། བརྒྱུད་སྤོར་བྱས་པའི་ཡོང་སྒོ་སྒོར379.9དང་ལོ་སྔོན་མའི་དུས་མཚུངས་ལས་སྒོར41.9དང12.4འཕར། ནོར་སྲིད་ཀྱི་ཡོང་སྒོ་སྒོར17.48དང་ལོ་སྔོན་མའི་དུས་མཚུངས་ལས 0.88དང 5.32 འཕར། འདི་ལས་མངོན་པར་ཟླ་ཕོགས་རང་བཞིན་དང་ཉོ་ཚོང་གི་ཡོང་སྒོ་ཡིས་ཞིང་སྡེའི་སྡོད་མིའི་ཡོང་སྒོ་གཏན་འཇགས་ངང་འཕར་བར་སྣེ་ཁྲིད་བྱས། 

དེའང་འཚོ་བའི་འཛད་སྤྱོད་ཀྱི་གནས་ཚུལ་ལ་གཞིགས་ན གྲོང་ཁྱེར་གྱི་སྡོད་མིའི་འགྲོ་སོང་བཀོལ་ས་ནི། འཚོ་བའི་སྤྱོད་རྫས་དང་ཞབས་ཞུ་རིགས14.1འཕར། སྨན་བཅོས་བདེ་སྲུང12.3འཕར། འགྲིམ་འགྲུལ་དང་ཆ་འཕྲིན་བརྒྱུད་བསྒྲགས་སྐོར11.5འཕར། ཞིང་སྡེ་ཡི་འགྲོ་སོང་ཆེ་ས་ནི། སློབ་གསོ་དང་རིག་གནས། རོལ་རྩེད་ཕྱོགས་ནས15.5འཕར། འཚོ་བའི་སྤྱོད་རྫས་དང་ཞབས་ཞུ13.0འཕར། འདུག་སྡོད་ཕྱོགས་ནས10.9འཕར།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།