ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་འཕྲོད་བསྟེན་དང་འཆར་སྐྱེ་བྱ་བ་གོང་འཕེལ་གཏོང་བའི་སྐོར་གྱི་ཟུར་བྲིས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1998ལོར། གྲོང་ཁྱེར་བཙུགས་པ་ནས་བཟུང་། གཙོས་གྲོང་ཁྱེར་སྐབས་སོ་སོའི་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག་ཏུ། འཆར་སྐྱེ་བྱ་བཞག་ཐད་འབད་འབུངས་ལྷོད་མེད་བྱེད་བཞིན་པའི་ལས་བཟོ་བས་འཕྲོད་བསྟེན་དང་འཆར་སྐྱེ་བགྲོད་ལམ་སྟེང་དུ་བརྗིད་ཉམས་ཀྱིས་ཕྱུག་པའི་སྙན་ངག་འབྲི་བཞིན་ཡོད། ལོ་ངོ་ཉི་ཤུའི་རིང་ལ། སྨན་བཅོས་དང་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་མུ་མཐུད་འཐུས་ཚང་དུ་ཕྱིན་པ་དང་། རིམས་ནད་སྔོན་འགོག་ནུས་པ་མུ་མཐུད་མཐོ་རུ་ཕྱིན་ཞིང་སྨན་བཅོས་འགན་སྲུང་གིས་ཁྱབ་པའི་མི་གྲངས་མུ་མཐུད་ཆེ་རུ་ཕྱིན་ནས། དམངས་འཚོའི་དོན་དངོས་གྲུབ་འབྲས་མངོན་གསལ་ཡིན་ལ། ཕྱོགས་ཡོངས་ནས“བྱིས་པ་གཉིས”ཀྱི་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱས་ཤིང་། འཆར་ལྡན་བུ་སྐྱེ་ཁྱིམ་ཚང་གོང་འཕེལ་གྱི་བྱ་བ་བརྟན་པོའི་ངང་གོང་དུ་སྤེལ་བ་དང་མང་ཚོགས་ཀྱིས་ནད་ལ་བལྟ་དཀའ་བ་དང་རིན་གོང་མཐོ་བའི་གནད་དོན་རིམ་བཞིན་ཐག་གིས་བཅད་ཅིང་། ཡུན་རིང་གོང་འཕེལ་དུ་འགྲོ་བཞིན་པའི་འཕྲོད་བསྟེན་དང་འཆར་སྐྱེ་ལས་དོན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མུ་མཐུད་དུ་འགན་སྲུང་བྱེད་གྱིན་ཡོད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་གོང་འཕེལ་དུ་ཕྱིན་པ།

གྲོང་ཁྱེར་བཙུགས་མ་ཐག་ཏུ། ཤང་སོ་སོའི་འཕྲོད་བསྟེན་ཁང་ཐམས་ཅད་ས་ཁང་དག་དག་ཡིན་ལ་སྨན་བཅོས་ཆ་རྐྱེན་ནི་དེ་བས་ཀྱང་ཞན་པར་འདུག ཉེ་བའི་ལོར། རྒྱལ་ཁབ་དང་ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱིས་འཕྲོད་བསྟེན་དང་འཆར་སྐྱེ་བྱ་བའི་ཐད་བཏོན་པའི་ནུས་པ་དང་རོགས་འཛུགས་ལས་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་ནད་པའི་ཞག་སྡོད་ཐོག་ཁང་དང་། འཕྲོད་བསྟེན་ཁང7དང་སྡོད་ཁུལ4ཡི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གཞི་རྩའི་ལས་གཞི་དང་དེར་གཏོགས་པའི་སྒྲིག་གཞི་བསྐྱར་འཛུགས་བྱས། ཚད་ལྡན་ཅན་གྱི་སྡེ་བའི་འཕྲོད་བསྟེན་ཁང32འཛུགས་སྐྲུན་བྱས་ཤིང་། སྤྱིའི་ཆ་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད།

སྙིང་རུས་ཆེན་པོས་མདུན་དུ་སྐྱོད་དེ་འཕྲོད་བསྟེན་ཞབས་ཞུའི་ནུས་པར་འགྱུར་ལྡོག་གསར་བ་བྱུང་བ།

གྲོང་ཁྱེར་བཙུགས་མ་ཐག་ཏུ། གྲོང་ཁྱེར་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ཆེད་ལས་མི་སྣ60ཡང་མི་འདང་བས། ཕྱོགས་གང་ཐད་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྐོང་ཐུབ་གྱིན་མེད།

ཉེ་བའི་ལོར། གཙོས་གྲོང་ཁྱེར་གྱིས་ནམ་ཡང“ཤེས་ལྡན་མི་སྣ་སྐྱེད་སྲིང”གི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། ཡོངས་གྲགས་སུ་རྒྱུགས་བླངས་ཏེ་དོན་ལས་སྡེ་ཚན་ལ་བྱ་བྱེད་མི་སྣ་བསྡུ་བ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་མི་བསྡུ་བ་སོགས་ཀྱི་དམངས་འཚོ་འགན་ལེན་བྱ་ཐབས་སྤྱད་དེ་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣས་མི་འདང་བའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས། མིག་སྔར། གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་དང་འཆར་སྐྱེ་མ་ལག་ཏུ་ལས་བཟོ་བ་མི302ཡོད་ལ། དེའི་ཁྲོད་དུ་འཕྲོད་བསྟེན་ཆེད་ལས་མི་སྣ་མི256ཡོད་པ་དང་དོ་དམ་མི་སྣ46དང་། སྨན་བཅོས་ལག་རྩལ་མི་སྣའི་མཐོ་རིམ་ཡོན་གནས་གཞོན་པའི་ཐོབ་ཐང་ཡོད་མཁན་གྱི་མི24ཡོད། འབྲིང་རིམ་ཡོན་གནས་ཐོབ་ཐང་ཡོད་པའི་མི47དང་དམའ་རིམ་ཡོན་གནས་ཐོབ་ཐང་ཡོད་མཁན་མི 79བཅས་ཡོད། གྲོང་ཁྱེར་ཡོངས་སུ་ད་ལྟ་དངོས་སུ་ཡོད་པའི་ནད་པའི་མལ་ཁྲི101ཡོད་ལ་མི་སྟོང་རེར་སྨན་ཁང་དུ་ནད་ཁྲི1.16ཡོད། སྨན་བཅོས་སྒྲིག་ཆས་ཐད་དུ་གྲོང་ཁྱེར་བཙུགས་མ་ཐག་གི “དངོས་པོ་ཆེན་པོ་གསུམ”ལས་ད་ལྟ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྡེ་ཁག་ལ་ཆེད་སྤྱོད་སྒྲིག་ཆས་ཀྱི་སྤྱིའི་རིན་གོང་སྒོར་ཁྲི917.65ལ་བསླེབས་པ་དང་། དེའི་ཁྲོད་དུ་སྒོར་ཁྲི10ཡན་ཡིན་པའི་ཆེད་སྤྱོད་སྒྲིག་ཆས12ཡོད་ལ། སྒོར་ཁྲི་ཡན་ཡིན་པའི་སྒྲིག་ཆས153ཡོད། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་སྐྱེའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཆོང་བརྒལ་རང་བཞིན་གྱི་གོང་འཕེལ་བྱུང་།

སྲིད་ཇུས་ཀྱི་རོགས་སྐྱོར་འོག་དམངས་འཚོར་ལེགས་བསྒྱུར་ཆེན་པོ་ཐོབ་པ།

ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བར་ཞུགས་ཚད་བརྟན་པོའི་ངང་གོང་དུ་འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་མཉམ་ལས་སྨན་བཅོས་དེ་སྲིད་འཛིན་སྡེ་བ་རེ་སྡེ་ཚན་དུ་བྱས་ན་མཉམ་ལས་སྨན་བཅོས་ཀྱི་ཁྱབ་ཚད100%ལ་བསླེབས། སྨན་བཅོས་ལ་ཞུགས་ཚད98%ཡན་ལ་བསླེབས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཀྱི་སྣང་བ་ཇེ་མཐོར་བཏང་། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།