ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དབུལ་སྐྱོར་མངའ་ཁོངས་ཀྱི་གནད་དོན་ཟབ་བཤེར་ནན་མོ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་སྒྲིག་ཨུ་དང་ཞིབ་བཤེར་ཨུས་མུ་མཐུད་དུ་དབུལ་སྐྱོར་མངའ་ཁོངས་ཀྱི་ལྟ་སྐུལ་དང་ཁྲིམས་བསྟར་ལ་ཤུགས་བསྣན་དེ་ཁུལ་བགོས་ནས་ཕན་ཚུན་ལ་ལྟ་བཤེར་དང་གཅིག་བསྡུས་སྒོས་ལྟ་བཤེར།  རིགས་དབྱེ་ཐག་གཅོད་དང་གཅིག་གྱུར་སྒོས་སྒྲུབ་པའི་བྱ་ཐབས་སྤྱད་དེ་དབུལ་སྐྱོར་མངའ་ཁོངས་ཀྱི་གནད་དོན་འཚོལ་ཞིབ་བྱས། མིག་སྔར་ཐུག་བར་དུ། གྲོང་ཁྱེར་གྱིས་བསྡོམས་པས་དབུལ་སྐྱོར་མངའ་ཁོངས་ཀྱི་གནད་དོན53ཐག་གཅོད་བྱས་ཤིང་། མི50ལ་གནས་ཚུལ་འདྲི་གཅོད་བྱས་པ་དང་། མི3ལ་ཏང་སྲོལ་སྲིད་དོན་ཐད་ཀྱི་ཆད་གཅོད་བྱས་པ་དང་ཁྲིམས་འགལ་གྱི་མ་དངུལ་སྒོར་ཁྲི10.9བདའ་འདེད་བྱས།

གཙོས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང10དང་སྲང་ལམ་ཁུལ་གཉིས་སུ་བགོས་ནས་སྲིད་འཛིན་སྡེ་བ་ལྟར་ཡོངས་སུ་ཁྱབ་པ་དང་དབུལ་ཕོངས་ཁྱིམ་ཚང་ལྟར་ཡོངས་སུ་ཁྱབ་པ། མ་མཐའི་འཚོ་རྟེན་འགན་སྲུང་དང་འགན་སྲུང་ལྔ་ལྟར་ཡོངས་སུ་ཁྱབ་པ། རོགས་སྐྱོར་བྱ་བྱེད་ཚན་ཆུང་ལྟར་ཡོངས་སུ་ཁྱབ་པ། ལོ70ཡན་གྱི་ཏང་ཡོན་རྒན་པར་ཡོངས་སུ་ཁྱབ་པའི་བྱ་ཐབས་ལྟར་དུས་ཡུན་ཟླ་གཉིས་ཀྱི་རིང་ལ་ཁུལ་བགོས་པ་ལྟར་ཕན་ཚུན་ལྟ་བཤེར་གྱི་རྣམ་པ་སྤྱད་དེ་སྔ་གཞུག་ཏུ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་སྡེ་བ39ཡི་དབུལ་ཞྭ་ཕུད་པའི་སྔོན་གྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང1750དང་མ་མཐའི་འཚོ་རྟེན་འགན་སྲུང་ཅན་གྱི་ཁྱིམ་ཚང1786འགན་ལེན་ལྔའི་ཁྱིམ་ཚང122དང་། རོགས་སྐྱོར་བྱ་བྱེད་རུ་ཁག16ལོ70ཡན་ཡིན་པའི་ཏང་ཡོན་རྒན་པ64གཙོ་བྱས་ནས་འཚམས་འདྲི་བྱས། དུས་བཅད་ལྟར་གནད་དོན་ཡོད་པའི་ཁུངས་སྣེ་གཅིག་བསྡུས་སྒོས་གཙང་སེལ་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཁུངས་སྣེ་དག་ལ་ཆེད་དོན་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་རིམ་པ་དང་རིགས་བཀར་ནས་ཐག་གཅོད་བསམ་འཆར་བཏོན། 

གནད་དོན་ཡོད་པའི་ཁུངས་སྣེ་དོ་དམ་ལ་ཤུགས་སྣོན་ཆེད་ཏང་སྲོལ་དང་སྲིད་སྲོལ་ལྟ་སྐུལ་ཁང་གིས་གནད་དོན་ཁུངས་སྣེ་དོ་དམ་སྟེགས་བུ་བཙུགས་ཏེ་ཆེད་མི་གཏན་ཁེལ་བྱས་ནས་དོ་དམ་དང་གཅིག་བསྡུས་དོ་དམ། གོ་རིམ་ཧྲིལ་བོར་རྗེས་འདེད་དོ་དམ། གནད་དོན་ཡོད་པའི་ཁུངས་སྣེ་དག་ལ་ཨང་གི་བསྒྲིགས་ནས་ཐོ་འགོད་བྱས་པ་དང་། དུས་བཅད་ལྟར་ཕྱོགས་བསྡོམས་དང་དཔྱད་བསྡུར་བྱས་ནས་གནད་དོན་ཡོད་པའི་ཁུངས་སྣེ་སྦས་གསང་བྱེད་པར་སྔོན་འགོག་བྱས་ཤིང་། དབུལ་སྐྱོར་མངའ་ཁོངས་ཀྱི་དཔེ་མཚོན་ཅན་གྱི་གྱོད་གཞི་བརྡ་ཁྱབ་བཏང་ཞིང་རྗེས་ཕྱོགས་སུ་ཁྲིམས་ལྟར་ནན་མོ་བྱ་དགོས་པའི་སྐུལ་བརྡ་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།