ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་རོང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་དུ་བགྲོད་པར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བྱ་བ་གཏིང་ཟབ་སྒོས་སྤེལ་ནས་གད་སྙིགས་མཐོང་རྒྱུ་མེད་པ་ཚད་གཞིར་བཟུང་སྟེ་ལྡོག་སྐུལ་ལམ་སྲོལ་བཙུགས་པ་དང་། གྲོང་ཁྱེར་དང་། གྲོང་གསེབ། མཛེས་ལྗོངས་ཁུལ་བཅས་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གོམས་སྲོལ་ངན་པ་སོགས་གཙང་སེལ་བྱས་ཤིང་། ནུས་ཤུགས་ཡོད་དགུས“ས་ཁོངས་ཧྲིལ་བོར་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”གཏོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་བྱ་བ་རྒྱ་ཆེར་སྤེལ་ནས་རོང་འབྲོག་མང་ཚོགས་རྣམས་ཡུལ་སྐོར་ཐོན་ལས་ཕྱུག་འགྱུར་བྱེད་པའི་ལམ་དུ་བསྐྱོད་པར་བྱས། 

མིག་སྔར། ཁུལ་ཡོངས་ཀྱི་ཡུལ་སྐོར་ཐད་ཀར་ལས་ཞུགས་མི་སྣ་ཁྲི1.73ཡན་ཟིན་ཡོད་ལ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་དབུལ་ཕོངས་དུད་ཚང9740དབུལ་བོ་མི་ཁྲི4.14དབུལ་ཐར་བྱུང་བ་དང་། དེས་དབུལ་ཐར་སྤྱིའི་མི་འབོར་གྱི48%བཟུང་ཡོད་པ་རེད། ཀན་ལྷོ་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་དབུལ་པོ་ཉུང་གཏོང་གི་རྣམ་པ་དེ2018ལོའི་འཛམ་གླིང་གི་ཡུལ་སྐོར་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་གྱོད་གཞིར་ཚུད་ཡོད། 

  ཚད་མཐོའི་ཇུས་འགོད་དང་། ཚད་མཐོའི་སྐུལ་འདེད། དོན་འཁྱོལ་ནན་པོ་བཅས་བྱེད་དགོས། “ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཇུག་སྒོར་བཟུང་སྟེ། ས་གནས་ཀྱི་ཁྲིམས་འཛུགས་རྣམ་པའི་ཐོག《ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》སོགས་ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ས་ཁོངས་ཧྲིལ་པོར་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དེ་དཔལ་འབྱོར་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་ཁྲིད་སྟོན་བྱེད་པ་བཅས་ཀྱི་གཞི་འཛིན་ས་ཞིག་ཏུ་བརྩི་རྒྱུ་རེད།

གནད་འཕིགས་ཇུས་འདོན་དང་། ཚང་མ་ཞུགས་པ། མཉམ་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། ཁུལ་གྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་བརྟག་ཞིབ་མཛུབ་ཁྲིད་དང་། ལྟ་སྐུལ་ཞིབ་བཤེར་བཅས་བྱས་ནས་གནད་དོན་ཐག་གཅོད་བྱེད་པ་དང་།  གནས་པའི་འབུར་ཐོན་གནད་དོན་དང་ཞན་པའི་ཆར་དམིགས་ནས་ཆེད་དོན་ལེགས་བཅོས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་ལེགས་བཅོས་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ།

 གཙོ་གནད་ལ་དམིགས་པ་དང་། ཐོན་ལས་སྐྱེད་སྲིང་། དབུལ་ཐར་ལ་རམ་འདེགས་བྱེད་དགོས། རིག་གནས་ཡུལ་སྐོར་ལས་རིགས་ནི་ཀན་ལྷོའི་ཐོན་ལས་ཆེ་གྲས་གཉིས་ཀྱི་གྲས་ཤིག་ཡིན་པ་དང་། ཀན་ལྷོ་ཁུལ་དུ་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་གད་སྙིགས་མེད་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་སོགས་འཚོགས་པ་བརྒྱུད། 2018ལོར་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་གད་སྙིགས་མེད་པའི་དུས་ཚིགས་གཉིས་པའི་ལྟ་ཞིབ་དཔྱད་ཞིབ་ལས་དོན་ཁྲོད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཀླུ་ཆུ་རྫོང་མཚོ་དཀར་གྲོང་རྡལ་ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོ་ཁུལ་གྱི་ཁག་དང་པོའི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གད་སྙིགས་མེད་པའི་དཔེ་སྟོན་གྲོང་ཚོ”ཡིན་ཞིང་། མིག་སྔར་གྲོང་ཚོ་ཡོངས་ཀྱི་གྲོང་མི་དུད་ཚང391ནང་དུད་ཚང65ཡིས་འབྲོག་པའི་སྤྲོ་ཁང་བཙུགས་པ་དང་ལོའི་ཡོང་འབབ་སྒོར་ཁྲི10ལྷག་ཙམ་ཟིན་པའི་འབྲོག་དུད་མང་པོ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།