ཀྲུང་གོ་བོད་ཀྱི་དྲ་བ།

“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་གིས་ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀན་ལྷོ་ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་གཞོན་པ་སྒྲོལ་མ་སྐྱབས་ཀྱིས་ལྟ་ཞིབ་ཚན་ཆུང་འཁོར་དང་བཅས་པ་ཁྲིད་དེ། ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་རིག་རྩལ་འཁྲབ་སྟོན་ཚན་ཆུང་དང་གླེང་སྟེགས་བྱེད་སྒོའི་ཚན་ཆུང་། འགྲེམ་ཚོགས་འགྲེམས་སྟོན་ཚན་ཆུང་། འགྲེམ་ཁང་འཛུགས་སྐྲུན་འགན་སྲུང་ཚན་ཆུང་། ཁོར་ཡུག་སྒྲིག་བཅོས་ཚན་ཆུང་བཅས་ཀྱི་ལས་དོན་ཁག་གི་གནས་ཚུལ་ལ་ལྟ་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་གིས་དཔྱད་ཡིག་ལྟ་ཀློག་དང་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་ལ་ཉན་རྗེས་བསྟན་དོན། ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་འབྲེལ་ཡོད་བྱ་བྱེད་ཚན་ཆུང་གིས་གྲ་སྒྲིག་བྱ་བར་མཐོང་ཆེན་ཚད་མཐོ་བྱས་ཏེ། ཞིང་ཆེན་དང་ཁུལ་གྱི་གྲོས་ཚོགས་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་མོ་དང་། ཚོགས་འདུ་གཅིག་དང་དུས་ཆེན་གཅིག་གི་གྲ་སྒྲིག་བྱ་བ་དེ་མིག་སྔའི་བྱ་བ་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱས་ཤིང་། འགོ་ཁྲིད་ཀྱིས་མཐོང་ཆེན་དང་སྒྲིག་གཞི་འཐུས་ཚང་ཡིན་པ། དོ་དམ་ཚད་དང་ལྡན་པ། དཔྱད་གཞི་ཆ་ཚང་དང་བྱ་བར་ཞིབ་ཚགས་ལྡན་པ། དུས་འགོའི་བྱ་བ་ཚགས་དམ་བྱེད་པ་དང་། གཅིག་གྱུར་གྱི་འཆར་འགོད་བྱ་ཐབས་ལེགས་པ། མཐུན་སྦྱོར་ནུས་ལྡན་ཡོང་བ། ཕྱོགས་མང་བོའི་ཐད་ནས་གསར་གཏོད་དང་། འབྲེལ་མཐུད་ནུས་ལྡན་བྱུང་སྟེ། ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། བྱ་བའི་མདུན་གྲལ་དུ་བསྐྱོད་པར་སློབ་སྦྱོང་བྱ་འོས་པ་ཞིག་རེད།

ལྟ་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”སྤེལ་བར་དུས་རབས་རང་བཞིན་གྱི་དོན་སྙིང་ལྡན་ཞིང་། ཀན་ལྷོའི་བོད་ཁུལ་གྱི་སྐད་གྲགས་ཁྱབ་ཚད་མཐོར་འདེགས་དང་སྒུལ་ཤུགས་ཇེ་ཆེར་གཏོང་བར་ནུས་པ་མི་དམན་པ་དང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད། འབྲེལ་ཡོད་བྱ་བྱེད་ཚན་ཆུང་གིས་ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས་དང་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས། “འདུ་ཤེས་བཞི”བརྟན་པོར་བཙུགས་ཤིང་། བྱ་བའི་འགན་འཁྲི་བརྟན་པོ་བྱས་ནས། དམ་པ་དོན་གཉེར་དང་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་བར་དམ་འཛིན་བྱེད་པའི་འགན་སེམས་ཀྱིས་བྱང་ཚད་མཐོ་བའི་ཁྱད་ལྡན་ཅན་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”སྤེལ་བར་འབད་བརྩོན་བྱ་དགོས་པ་དང་། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་སྒྲིག་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་བའི་བྱེད་ཐབས་དང་བྱ་བའི་ལས་འགན་ལ་དམིགས་ནས། དུས་ཚོད་ཀྱི་ཚིགས་མཚམས་ནས་གནད་དོན་འཚོལ་ཞིང་དཀའ་གནད་སེལ་ནས། གནད་དོན་ཐག་གཅོད་ཀྱི་ཁྲོད་ནས་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། སྡེ་ཁག་མཉམ་ཤུགས་ཆེན་པོ་ཆགས་པར་འབད་བརྩོན་བྱ་དགོས། བྱ་བ་ཆུང་ཙག་གིས་རྒྱལ་ཕམ་ཐག་གཅོད་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་དང་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བ་ཁག་དངོས་གནས་ཡག་པོ་བསྒྲུབ་དགོས། མུ་མཐུད་དུ་ཇུས་གཞི་འཐུས་ཚང་དུ་བཏང་ནས། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་པ་དང་། མཐུན་སྦྱོར་ངང་ལས་ཆོད་མཐོར་འདེགས་དང་། སྙན་གྲགས་ཕྱོགས་བཞིར་ཁྱབ་པར་བརྩོན་ལེན་བྱ་དགོས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།