ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ལས་ཤོར་འགན་བཅོལ་ནང་ཞུགས་པའི་ལས་ཐོག་ལས་བཟོ་བར་ལས་རིགས་ནུས་རྩལ་མཐོར་འདེགས་གཏོང་བར་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་ལས་རིགས་ནུས་རྩལ་མཐོར་འདེགས་གཏོར་བར་ཁ་གསབ་བྱེད་པ་ལག་བསྟར་བྱས་པ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་ལས་ཤོར་འགན་བཅོལ་གྱིས་དབུལ་སྐྱོར་བྱེད་པའི་བྱ་བ་སྤེལ་ཏེ། ཁྱོན་ཡོངས་ནས་ལས་ཤོར་འགན་བཅོལ་གྱི་ཐེབས་རྩས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས།

སྔོན་གྱི་ཁ་གསབ་ཆ་རྐྱེན་འཛོམས་པའི་རྨང་གཞིའི་སྟེང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་ལས་རིགས་ནུས་རྩལ་མཐོར་འདེགས་གཏོང་བའི་ཁ་གསབ་ལྷོད་གཡེང་དུ་བཏང་བ་སྟེ། “ཁྲིམས་ལྟར་ལས་ཤོར་འགན་བཅོལ་ནང་ཞུགས་ཤིང་། རིམ་རྩིས་བྱས་ན་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཟླ36(ཟླ་བ 36བརྩི་བ།)ཡན་ལ་འཇལ་བའི”ཆ་རྐྱེན་ནས“ཁྲིམས་ལྟར་ལས་ཤོར་འགན་བཅོལ་ནང་ཞུགས་ཤིང་། རིམ་རྩིས་བྱས་ན་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཟླ12(ཟླ12བརྩི་བ།)ཡན་ལ་འཇལ་བའི”ཆ་རྐྱེན་དུ་ལྷོད་གཡེང་དུ་བཏང་ནས། ཆ་རྐྱེན་དེ་འཛོམས་པའི་འགན་བཅོལ་ནང་ཞུགས་པའི་ལས་ཐོག་ལས་བཟོ་བས་ནུས་རྩལ་མཐོར་འདེགས་ཀྱི་གསབ་དངུལ་རེ་ཞུ་ཞུས་ཏེ་ལེན་ཆོག

མིག་སྔར་ཐུག་བར་དུ། ཁུལ་ཡོངས་སུ་བསྡོམས་པས་མི14ལ་གསབ་དངུལ་སྤྲད་ཅིང་། གསབ་དངུལ་སྒོར་ཁྲི2.8འགྲེམ་གཏོང་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།