ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ཐེངས་དང་བོར་འབྲེལ་མཐུད་བྱེད་པར་ལྟ་སྐུལ་སློབ་སྟོན་བྱེད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ཐེངས་དང་བོར་འབྲེལ་མཐུད་བྱེད་པར་ལྟ་སྐུལ་སློབ་སྟོན་བྱེད་པའི་ཚོགས་འདུ་ལན་ཀྲོའུ་རུ་བསྡུས། ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཚན་གཙོ་ཆའོ་ཁྲོན་ཞིའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་ཀན་སུའུ་ཡི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་བསམ་འཆར་བཏོན་པ་དང་། ཚན་གཙོ་གཞོན་པ་ཁྲིན་ཀྲི་རྨིན་གྱིས་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ཞིང་ཆེན་རིམ་པའི་ཐད་ཀྱི་ལྟ་སྐུལ་སློབ་སྟོན་གྱི་གནས་ཚུལ་དང་ཀན་སུའུ་ཞིང་ཆེན་གྱིས་ཆེད་དོན་འཐབ་རྩོད་ཀྱི་ཕྱོགས་བསྡུས་གནས་ཚུལ། ཤེས་རྟོགས་བྱུང་བའི་གནད་དོན་གཙོ་བོ་བཅས་བརྡ་ཁྱབ་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྲོས་ཚོགས་སུ་ཞུགས།

ཆའོ་ཁྲོན་ཞིའུ་ཡིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྟ་སྐུལ་སློབ་སྟོན་ཚན་ཆུང་ལ་དུས་མཚམས་དང་པོའི་ལྟ་སྐུལ་སློབ་སྟོན་བྱ་བ་སྤེལ་པར་འགན་ལེན་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་གོམ་སྟབས་རྗེས་མར་ཤུགས་ཆེན་སྒོས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། ཀན་སུའུ་མི་དམངས་མང་ཚོགས་དེ་བས་བློ་ཡིད་ཚིམ་པ་དང་། སྔར་བས་དགའ་བ། སྔར་བས་བསྔགས་བརྗོད་བཅས་ཀྱི་ཕན་འབྲས་གསར་བ་འཐོབ་དགོས།

ཁྲིན་ཀྲི་རྨིན་གྱིས་དུས་མཚམས་དང་པོའི་ལྟ་སྐུལ་སློབ་སྟོན་བྱ་བའི་གནས་ཚུལ་དང་དེ་བཞིན་མི་རེ་རེ་བཞིན་གླེང་མོལ་བྱས་པ། བཅར་འདྲི་བྱས་པ་དང་དཔྱད་གཞི་ལྟ་ཀློག་བྱས་པ། ཐེར་འདོན་ཁུངས་སྣེ་བདག་སྤྲོད་བྱས་པ། གྱོད་གཞི་དཔྱད་བཤེར་དང་ལྟ་སྐུལ་སྤྱི་འདོམས་བྱས་པ་སོགས་ཀྱི་བྱ་བའི་ཁྲོད་ཤེས་རྟོགས་རགས་ཙམ་བྱུང་བའི་གནད་དོན་གཙོ་བོ་བརྡ་ཁྱབ་བཏང་བ་རེད། ཆབ་སྲིད་ཀྱི་ལངས་གནས་ཐད་ས་གནས་དང་ཚན་པ་ཁག་ཅིག་གི་ཆབ་སྲིད་ཀྱི་ལངས་གནས་མི་མཐོ་བ་དང་འགན་འཁྲིའི་འདུ་ཤེས་མེད་པ། ཞིང་ཆེན་ཏང་ཨུའི་བཏོན་པའི“རིམ་པ་ལྔའི་ཧྲུའུ་ཅིས་སྣེ་ཁྲིད་དེ་དམ་འཛིན་བྱེད་པ”དེ་ས་གནས་དང་སྡེ་ཚན་ཁག་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་མེད་པ། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པའི་ཐད་འབྲེལ་བ་རྙོག་འཛིང་ཆེ་བའི་ནག་སྤྱོད་སྟོབས་ཤུགས་ད་དུང་ཐེར་འདོན་ཐུབ་མེད་པ་དང་། མྱུལ་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་མེད་པ། མཁྲེགས་གཏོར་བྱེད་ཤུགས་མི་ཆེ་བ་བཅས་རེད། ཕྱོགས་བསྡུས་བཅོས་སྐྱོང་ཐད་ལས་རིགས་གཙོ་གཉེར་སྡེ་ཚན་ཁག་ཅིག་གིས་འགན་འཁྲི་གཙོ་བོ་དོན་ཐོག་ཏུ་མི་འཁྱོལ་བ་དང་། ཞིབ་ཕྲའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་མེད་པ། ནག་སྤྱོད་གནད་དོན་རྩ་བ་ནས་འདོར་ཐུབ་མེད་པ་རེད་ཅེས་ནན་གྱིས་བསྟན།

ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་གྱི་འགོ་ཁྲིད་པ་ཧུའུ་ཁྲའོ་དང་། ལི་ཡོན་ཕིང་། ཝང་ཅ་དབྱི། ཡུས་ཅན། ཀྲུའུ་ཡུས། ཝེ་ཧྥུན་ཐུང་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཀྲུའུ་རེན་གཞོན་པ་བཅས་དང་དེ་མིན་ཁོངས་མིའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དག་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།